དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་ནན་མོ་བྱ་རྒྱུ།

སྤེལ་དུས 2020-03-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་དོ་དམ་བྱ་ཐབས་ཁག་བཅུ་བཟོས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ཉེན་ཁར་དོ་དམ་ཚོད་འཛིན་བྱ་ཆེད་ཡུན་རིང་གི་ལམ་སྲོལ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་སྲུང་སྐྱོང་དང་འདུལ་སྦྱོང་གསོ་སྤེལ་ལ་སྲུང་སྐྱོང་དོ་དམ་ནན་མོ་བྱ་རྒྱུ་རེད།
        ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། ནགས་ལས་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་འཆར་འགོད་བཟོས་ནས་སྐམ་འཚོ་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་ལ་སྲུང་སྐྱོང་དོ་དམ་ནན་མོ་བྱས་ཡོད། འབྲེལ་ཡོད་ལག་རྩལ་སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་ནན་མོ་དང་ཚད་ལྡན་དུ་བཏང་ནས་སྐམ་འཚོ་རི་སྐྱེས་སྲོག་ཆགས་གསོ་སྐྱོང་དང་སྐྱེ་འཕེལ་དོ་དམ་ནན་མོ་ལག་བསྟར་བྱས་པ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐམ་འཚོ་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལག་བསྟར་བྱེད་པ་དང་། སྲོག་སྐྱོབ་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རི་སྐྱེས་སྲོག་ཆགས་དང་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་གི་འཆར་འགོད་ཞིབ་འཇུག་བྱས་ནས། མཚོ་བོད་ས་མཐོའི་སྐམ་འཚོ་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་རྒྱལ་ཁབ་གཞི་རྒྱུའི་མཛོད་སྔོན་ལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེ་བཞིན་རྒྱུད་སྤེལ་ཐོན་ཁུངས་ལ་གཙོ་གནད་ཐོག་སྲུང་སྐྱོང་བྱས། 

        《མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་བྱ་ཐབས》མགྱོགས་མྱུར་སྒོས་བཟོས་ནས་སྐམ་འཚོ་རི་སྐྱེས་སྲོག་ཆགས་ཁྲིམས་ལྟར་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེ་བཞིན་འཚོ་སྡོད་ཁུལ་གྱི་ཡིག་ཚགས་སོགས་འཛུགས་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཞིང་ཆེན་དང་ཁུལ། (གྲོང་ཁྱེར། )རྫོང་བཅས་ཀྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་སྡེ་ཁག་གི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ལ་ཁྲིམས་འཛིན་གསལ་འབྱེད་སྒྲིག་སྲོལ་བཙུགས་ནས། ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་རྒྱུ་སྒྲིག་འཛུགས་བཅས་བྱས་ཤིང་། རི་ཐང་སྐོར་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འབྱུང་ཁུངས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། 

        གཞན་ཡང་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་ད་དུང་ཁྲིམས་ལུགས་འཛུགས་སྐྱོང་དང་། ཚན་རིག་དང་མཐུན་པའི་དོ་དམ། ཁྲིམས་ལྟར་ལྟ་སྐུལ། ཕྱི་རོལ་སྲུང་སྐྱོང་། འཚོ་སྡོད་ཁུལ་སྲུང་སྐྱོང་། འདུལ་གསོ་རྒྱུད་སྤེལ་ལྟ་སྐུལ་དོ་དམ། སྲུང་སྐྱོབ་སྲོག་སྐྱོབ། རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། གླེང་ཕྱོགས་དྲིལ་བསྒྲགས། རང་བྱུང་སློབ་གསོ་སོགས་ཕྱོགས་བཅུའི་ཐད་ནས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཟབ་ཞུགས་བྱེད་པར་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།
秒速飞艇计划 电玩棋牌 秒速飞艇计划 秒速飞艇怎么玩不输钱 福建11选5官网 博盈彩票 秒速飞艇正规平台 秒速飞艇可以做假吗 极速时时彩万能规律 任我赢机器人