དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ལ་ཁ་གཏད་ནས་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་བཏོན་པ་རེད།

སྤེལ་དུས 2020-03-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱིས་《ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ལ་ཁ་གཏད་ནས་ཁེ་ལས་ཐོན་སྐྱེད་སླར་གསོ་དང་ལས་མགོ་སླར་རྩོམ་ལ་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱ་བར་སྲིད་ཇུས་དང་བྱེད་ཐབས་འགའ་བཏོན་པའི་བརྡ་ཐོ》པར་འགྲེམ་བྱས་ཤིང་། ཀྲུང་དབྱང་གི་“བརྟན་པོ་དྲུག་”དང་“ཁུལ་འབྱེད་རིམ་དབྱེ་བྱས་ཏེ་གནད་སྨིན་བཟོ་སྐྲུན་སླར་གསོ་དང་ཐོན་སྐྱེད་སླར་གསོ་དོན་འཁྱོལ་ཡོང་བའི”བླང་བྱར་དམིགས་ཏེ། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྲིད་ཇུས་དང་བྱེད་ཐབས་སྣ་ལྔ་གཙོ་གནད་དུ་བཟུང་ནས་ཁ་གསལ་བཟོས་པ་རེད།

ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་པུའུ་ཡི་ལས་དོན་མི་སྣས་ལས་སྒྲུབ་ཁུལ་གྱི་མཐའ་འཁོར་དུ་དུག་སེལ་བྱེད་བཞིན་པ།
          གཅིག་ནི་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཐད་ནས། རིམས་ནད་ཀྱི་སྐབས་སུ་གནས་སྐབས་ལས་གཉེར་བྱེད་མཚམས་བཞག་པའི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། དངོས་ཟོག་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ཀྱི་ཁེ་ལས་དང་ལས་མགོ་སླར་གསོ་མ་ཐུབ་པའི་བཟོ་ལས་ཁེ་ལས་གཙོ་གནད་དུ་བཟུང་ནས་ཁ་གསལ་པོ་བྱས་པ་དང་། ཁེ་ལས་ཆུང་གྲས་ཀྱི་སྤྱི་ཕན་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། དམིགས་བསལ་གྱི་དཀའ་ངལ་ཡོད་ཀྱང་དུས་བཀག་ལྟར་ཁྲལ་འཇལ་མི་ཐུབ་པའི་ཁེ་ལས་ཡོད་ཚེ། ཁེ་ལས་ཀྱིས་ཁྲལ་དོན་གཙོ་གཉེར་སྡེ་ཁག་ལ་ཁྲིམས་ལྟར་ཁྲལ་དངུལ་འཇལ་ཡུན་ཕྱིར་འགྱངས་བྱ་རྒྱུའི་རེ་འདུན་ཞུ་ཆོག་པ་དང་ཆེས་རིང་ན་ཟླ་3ལ་བསྲིངས་ཆོག རིམས་ནད་འགོག་སྲུང་བྱ་བའི་གཙོ་གནད་འགན་ལེན་དངོས་ཟོག་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཀྱིས་ཐོན་ནུས་ཆེ་རུ་བསྐྱེད་ཆེད། འབྲེལ་ཡོད་སྒྲིག་ཆས་གསར་པ་ཉོ་སྐབས་དེའི་མ་གནས་འགྲོ་གྲོན་ནང་ཐེངས་གཅིག་རང་ལ་བརྩིས་ཏེ་ཁེ་ལས་ཀྱི་ཐོབ་ཁྲལ་མ་འཇལ་གོང་འཕྲི་འཐེན་བྱེད་ཆོག་པ་རེད། རིམས་ནད་འགོག་སྲུང་བྱ་བའི་གཙོ་གནད་འགན་ལེན་དངོས་ཟོག་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཀྱིས་ཟླ་རེ་བཞིན་གཙོ་གཉེར་ཁྲལ་དོན་ལས་ཁུངས་ལ་གནས་ཐང་འཕར་ཁྲལ་གྱི་འཕར་ཚད་འཐེན་འཕྲིའི་ཁྲལ་འབབ་ཚང་མ་ཕྱིར་སློག་བྱ་རྒྱུའི་རེ་འདུན་ཞུས་ཆོག བོད་རང་སྐྱོང་ལྗོངས་སུ་ཐོ་འགོད་བྱས་པའི་ཁེ་ལས་འབྲིང་ཆུང་གྲས་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་གནས་སྐབས་སུ་མི་བསྡུ་བ་དང་། ཁེ་ལས་ཆེ་གྲས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་འཇལ་བར་དངོས་གནས་དཀའ་ངལ་ཡོད་ཚེ། ཁྲིམས་ལྟར་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་ཆག་ཡང་དང་ཇེ་ཉུང་དུ་བཏང་ཆོག རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། དངོས་ཟོག་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ཀྱི་ལས་རིགས་ལ་གང་བྱུང་དུ་དངུལ་བུན་གཏོང་བ་དང་། དངུལ་བུན་ཆད་གཅོད། དངུལ་བུན་བཀག་ཉར་བཅས་བྱེད་མི་ཆོག རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཁེ་ལས་ཀྱིས་དུས་བཀག་ནང་དངུལ་བུན་འཇལ་དཀའ་བའི་རིགས་ལ་དུས་ཚོད་ཕྱིར་འགྱངས་སམ་ཡང་ན་དངུལ་བུན་མུ་མཐུད་དུ་བསྐྱིས་ཆོག་པ་རེད།
          གཉིས་ནི་ནོར་ཁྲལ་དང་དངུལ་རྩའི་རྒྱབ་སྐྱོར་ཐད་ནས། གཙོ་གནད་ཁེ་ལས་ཀྱི་ལས་ཀ་སླར་རྩོམ་དང་ཐོན་སྐྱེད་སླར་གསོ་ཡི་ཆེད་དམིགས་རྒྱུན་འཁོར་མ་དངུལ་གྱི་དངུལ་བུན་འཛུགས་དགོས། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བོད་ལྗོངས་ཀྱི་གཟིགས་སྐྱོང་དངུལ་བུན་སྐྱེད་ཚད་ཀྱི་35%ལྟར་སྐྱེད་ཀ་སྤྲོད་ཀྱིན་ཡོད་ལ། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ནུས་པ་མངོན་གསལ་དོད་པའི་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཁེ་ལས་ལ་2020ལོར་གསར་འཕར་བྱུང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་དངུལ་བུན་ལ་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁེ་ལས་ཀྱི་དོན་དངོས་ལ་གཞིགས་ནས་དངུལ་བུན་སྐྱེད་ཚད་ཀྱི་50%སྐྱེད་ཀ་སྤྲོད་ཀྱིན་ཡོད། བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་དངུལ་ཁང་གིས་རིམས་ནད་སྐབས་ཀྱི་ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཡུལ་སྐོར། བཟའ་བཏུང་། ཞག་སྡོད་སོགས་ཀྱི་ལས་རིགས་ཀྱི་བྱེད་པོས་སྤྲད་པའི་ཐོན་སྐྱེད་གཉེར་སྐྱོང་གི་མ་དངུལ་གྱི་དངུལ་བུན་ཐད་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་དངུལ་བུན་སྒོར་ཁྲི་100ཡི་ནང་ཚུན་གྱི་ཆ་ཤས་ལ་སྐྱེད་ཀ་ཆ་ཚང་སྤྲོད་དགོས་པ་དང་། དེ་བཞིན་རིམས་ནད་སྐབས་ཀྱི་འགན་བཅོལ་སྐྱིན་ཚབ་འཇལ་བའི་ལྗང་མདོག་བགྲོད་ལམ་ཤར་གཏོང་དང་། ཁག་ཐེག་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཆུང་གྲས་དང་ཕྲ་མོའི་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ལས་སྒོའི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཡོད། ཁེ་ལས་ཆུང་གྲས་དང་ཕྲ་མོའི་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་གྲོན་ཚད་དམའ་རུ་བཏང་ནས་དུད་ཚང་རྐྱང་པའི་ཁག་ཐེག་དངུལ་འབོར་སྒོར་ཁྲི་500དང་། དེ་མན་གྱི་ཁེ་ལས་ཆུང་གྲས་ལ་ཁག་ཐེག་གྲོན་ཚད་རྩ་དོན་ཐོག་1%ལས་བརྒལ་མི་ཆོག  དུད་ཚང་རྐྱང་པའི་ཁག་ཐེག་དངུལ་འབོར་སྒོར་ཁྲི་500ཡན་ཟིན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་བསྡུས་པའི་ཁག་ཐེག་གྲོན་ཚད་རྩ་དོན་ཐོག་1.5%ལས་བརྒལ་མི་ཆོག ཁག་ཐེག་གྲོན་དངུལ་གྱི་ཆད་གྲངས་དེ་འབྲེལ་ཡོད་གཏན་འབེབས་ལྟར་གྲོན་དངུལ་ཉུང་འཕྲི་དང་། བྱ་དགའི་ཁ་གསབ་བྱ་བ། གྲངས་ཉུང་དངུལ་བུན་ཀུང་སིས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་དང་མི་སྒེར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས། དངུལ་བུན་གཡར་མཁན་གཅིག་མཚུངས་ཀྱི་དངུལ་བུན་ལྷག་གྲངས་དེ་གྲངས་ཉུང་དངུལ་བུན་ཀུང་སིའི་མ་རྩའི་གྲངས་འབོར་གྱི་5%ལས་མི་བརྒལ་བའི་གནས་ཚུལ་འོག་དངུལ་བུན་གཏོང་ཚད་མང་དུ་གཏོང་དགོས་པ་རེད།

ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་པུའུ་ཡི་ལས་དོན་མི་སྣས་ལས་མགོ་སླར་རྩོམ་བྱེད་བཞིན་པ།
          གསུམ་ནི་ཞབས་ཞུ་འགན་ལེན་ཡག་པོ་བྱེད་དགོས་པའི་ཐད་ནས། ཆ་རྐྱེན་ཡོད་པ་དང་ཐོན་སྐྱེད་རྒྱ་སྐྱེད་གཏོང་འདོད་ཡོད་པ། ཐོན་སྐྱེད་གཞན་སྒྱུར་གྱིས་རིམས་འགོག་དངོས་རྫས་དང་སྨན་སྤྱོད་འགོག་སྲུང་དངོས་རྫས་ཀྱི་ཐོན་སྐྱེད་གསར་སྐྲུན་བྱེད་མཁན་གྱི་ཁེ་ལས་ལ་དམིགས་བསལ་ལས་དོན་དམིགས་བསལ་གྱིས་སྒྲུབ་པ་དང་། འཕྲལ་དོན་མྱུར་དུ་སྒྲུབ་པ། ཞིབ་བཤེར་ཆོག་མཆན་མགྱོགས་མྱུར་སྤྲོད་པ་བཅས་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་ཀྱིས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རིམས་ནད་འགོག་སྲུང་གི་འབྲེལ་ཡོད་ཉོ་སྒྲུབ་རྣམ་གྲངས་ཀྱི་ཆ་རྐྱེན་གཅིག་མཚུངས་འོག་ཡིད་རྟོན་ལེགས་པའི་ལྗོངས་ནང་ཁུལ་གྱི་ཁེ་ལས་ལ་སྔོན་དུ་བསམ་གཞིགས་གཏོང་དགོས་ཤིང་། གྲབས་གསོག་རྣམ་གྲངས་འཛུགས་སྐྲུན་ལ་མཁོ་བའི་ཨར་ལས་རྒྱུ་ཆ་སྔོན་ལ་སྣུར་ནས་མངག་ཉོ་བྱས་ཏེ། རིམས་ནད་འགོག་སྲུང་སྐབས་ཀྱི་རྡོ་སོལ་དང་། གློག སྣུམ། སོལ་རླངས་སོགས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་འདང་ངེས་བྱེད་པ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འགན་ལེན་བྱ་དགོས།
          བཞི་ནི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས། ལྷ་ས་ནས་གཞིས་ཀ་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་། ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ། ལྷ་ཉིང་ལྕགས་ལམ། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་རྒྱ་བསྐྱེད་ལས་གཞི། བོད་རང་སྐྱོང་ལྗོངས་མཛེས་རྩལ་ཁང་། རིག་གནས་རླུང་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས། ལྷ་ས་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་རྒྱ་བསྐྱེད་ལས་གཞི། “3+1”གནམ་ཐང་། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གཞི། གོར་ལྷ་སྣུམ་འདྲེན་མདོང་ལམ་སོགས་གཙོ་གནད་རྣམ་གྲངས་དུས་བཀག་ལྟར་ལས་འགོ་ཚུགས་པ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁ་གསལ་བཟོས་ཡོད།
          ལྔ་ནི་དཔྱིད་དུས་ཀྱི་རོང་འབྲོག་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་དགོས་པའི་ཐད་ནས། ནས་ཀྱི་ཐོན་འཕར་དང་ནོར་ནག་འཚོ་སྐྱོང་ལས་དོན་གཙོ་གནད་དུ་འཛིན་པ་གསལ་བོ་བྱས། དཔྱིད་རྨོད་གྲ་སྒྲིག་གི་ཐོན་སྐྱེད་བཀོད་སྒྲིག་ཡག་པོ་བྱས་ཏེ། དགུན་གྲོའི་ཞིང་ཁར་དོ་དམ་བྱེད་པར་ཤུགས་བརྒྱབ་སྟེ་རོང་འབྲོག་ཐོན་སྐྱེད་རྒྱུ་ཆ་ཐོན་སྐྱེད་དང་མཁོ་འདོན་བྱེད་རྒྱུའི་སྒྲིག་འཛུགས་ཡག་པོ་བྱེད་དགོས། “ཤ་ཚལ་སྒོང་གསུམ”གྲོང་ཁྱེར་གྱི་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ལ་ཤུགས་བརྒྱབ་ནས་སྔོ་ཚལ་ཚོང་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་སྲུང་བྱེད་པ་དང་། རྩམ་པ་དང་། མར། ཤ་སྒོང་། འོ་མ་སོགས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུར་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱེད་དགོས། ཚན་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་ཕྱིན་ནས་ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་ཞབས་ཞུ་བྱེད་དགོས་པ་བཅས་སོ། །
秒速快三走势 秒速飞艇计划 福建11选5开奖 秒速飞艇是官网吗 秒速快三 秒速赛车是真的吗 秒速快三怎么玩 秒速飞艇计划 贵州快3 福建快3