དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ལྷ་སས་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བ།

སྤེལ་དུས 2020-03-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

འདི་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཏང་ཡོན་གྱིས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་སྦྱོང་བྱེད་པའི་རྣམ་པ་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་བའི་ཉིན་འདི་དག་གི་རིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་གཞིར་བཟུང་སྟེ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ནས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་འཐབ་ས་དང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བར་གཅིག་གྱུར་བཀོད་སྒྲིག་བྱས་པ་རེད། 
          “མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་གང་དུ་ཡོད་ཚེ། ང་ཚོའི་ལས་དོན་ཡང་དེ་གར་སྤེལ་བཞིན་ཡོད ”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཧྥེང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་པ་དེ་ནི་ང་ཚོས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་བཤད། 

འདི་ནི་ཏང་ཡོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་པས་ལྷ་ས་གྲོང་ཁྱེར་རྒྱ་འབུམ་སྒང་གཞིས་ཁུལ་གྱི་རྒན་མོ་བསོད་ནམས་ཆོས་འཛོམས་ཀྱི་གཟུགས་པོའི་དྲོད་ཚད་འཇལ་བའི་རྣམ་པ་རེད།
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་765ལམ་སེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཞུགས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་གནས་སྐབས་ཀྱི་ཏང་ཀྲི་པུའུ་7བཙུགས་པ་དང་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་5ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད། 
          ལྷག་པར་དུ་བོད་ཀྱི་ལོ་གསར་རིང་མང་ཚོགས་རྣམས་ཀྱིས་བདེ་འཇགས་དང་དགའ་སྤྲོ་འཆམ་མཐུན་གྱི་ལོ་གསར་བ་ཞིག་རོལ་ཆེད། ཏང་ཡོན་ལས་བྱེད་པ་རྣམས་གཞིས་ཁུལ་དུ་བསྐྱོད་དེ་གནས་གཏན་འཁེལ་གྱིས་དམངས་ཕན་གྱི་ཞབས་འདེགས་ཞུས་ཤིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱ་འབུམ་སྒང་ཁྲོམ་གཞུང་གི་རྒྱ་འབུམ་སྒང་གཞིས་ཁུལ་གྱི་རྒན་མོ་བསོད་ནམས་ཆོས་འཛོམས་ཀྱིས་བཤད་རྒྱུར། “ལས་དོན་མི་སྣས་ཉིན་ལྟར་ཁྱིམ་དུ་ཡོང་ནས་ངའི་ལུས་དྲོད་ཀྱི་ཚད་འཇལ་བ་དང་། ལོ་གསར་གྱི་མཁོ་ཆས་ཉོས་ཡོང་པས། ད་ལོའི་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཧ་ཅང་བརྗེད་དཀའ་བའི་བོད་ཀྱི་ལོ་གསར་ཞིག་རོལ་དུ་བཅུག་བྱུང”ཞེསས་བཤད།
上海11选5走势图 秒速飞艇平台 贵州快3走势 福建快3计划 上海11选5 福建11选5开户 秒速飞艇投注 99彩票网站 贵州快3 欢乐斗牛