དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམིགས་བསལ་དུས་སྐབས་ལ་སློབ་ཚན་འདི་ལྟར་འཚོགས་པ།

སྤེལ་དུས 2020-03-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          2020ལོའི་དཔྱིད་དུས་སློབ་འགོ་ཚུགས་པ་དང་། དེ་སྔོན་འཁྲུག་ཆ་དོད་པའི་སློབ་གྲྭ་ཡང་ཁུ་སིམ་སིམ་དུ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་དེས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་གོམས་སྟབས་འཁྲུག་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལས་རྒྱལ་བར་བྱེད་པ་དང་། ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་ཐེབས་མེད། སྤྱི་ཟླ་3ཚེས་3ཉིན་ནས་བོད་ལྗོངས་ཀྱི་སློབ་གྲྭ་ཁག་གིས་སློབ་གྲྭ་བཞག་ཀྱང་སློབ་ཚན་མཚམས་འཇོག་མི་བྱེད་པའི་སློབ་གསོའི་ལས་དོན་སྤེལ་འགོ་ཚུགས་པ་དང་། དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་དྲ་ཐོག་སློབ་ཁྲིད་བྱེད་འགོ་ཚུགས་ཡོད།

          ཆུ་ཤུར་རྗོང་སློབ་གསོའི་སྡེ་ཚན་གྱིས། རིམ་གོང་སྡེ་ཚན་གྱི་བཀོད་སྒྲིག་བླང་བྱར་གཞིགས་ནས་སློབ་ཁྲིད་གྲ་སྒྲིག་དང་། ལག་རྩལ་འགན་སྲུང་སོགས་སྔོན་འགྲོའི་ལས་དོན་ཡག་པོ་སྤེལ་བ་དང་། ལྷག་པར་རྒྱལ་ཆེའི་ཁྱིམ་བདག་དང་། སློབ་མའི་གཞོགས་འདེགས་འོག རྗོང་དེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་3500ལྷག་ཙམ་ལ་དམིགས་བསལ་གྱི་སློབ་འགོ་ཚུགས་པའི་སློབ་ཚན་ཐོག་མ་དེ་འཚོགས་ཡོད།

 

     ཤེས་རྟོགས་བྱུང་བར། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཡོད་མོད། འོན་ཀྱང་རང་ལྗོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་ཚོས་སློབ་མར་དོ་ཁུར་དང་སློབ་ཁྲིད་ཟུར་ཁྲིད་བྱེད་མཚམས་གཏན་ནས་བཞག་མེད། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཞི་བདེ་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཚོས་ཉིན་ལྟར་ལེགས་སྒྲུབ་ཟིན་པའི་སྦྱོང་ཚན་སྐད་འཕྲིན་ཐོག་ནས་འཛིན་གྲྭའི་ཚོགས་པའི་ནང་བསྐུར་ཏེ་རྒན་ལགས་ཀྱིས་དག་བཅོས་བྱ་རྒྱུ་སྒུག་གི་ཡོད།

          ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་མ་ཚོར་དྲ་རྒྱའི་ཐོན་ཁུངས་ཀྱི་ལས་སྟེགས་སྤྱད་དེ་སློབ་སྦྱོང་བྱ་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད།                     སློབ་གྲྭ་དེའི་དགེ་རྒན་དབྱངས་ལགས་ཀྱིས་གསར་འགོད་པར་རིམས་ནད་ལ་འགོག་རྒོལ་བྱེད་རིང་ང་ཚོས་ཕྲུ་གུ་ཚོར་སློབ་དེབ་མང་ཙམ་ལྟ་བ་དང་སློབ་སྦྱོང་ཡག་པོ་བྱས་ཏེ་བག་ཆགས་བཟང་པོ་འཇགས་པ་བྱེད་པ་དང་། བསམ་བློར་དྲག་ཆས་སྤྲོས་པ། སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། གཟུགས་པོའི་བྱང་ཚད་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ་སློབ་མའི་ཉིན་རེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་གི་ཡོད་ཅེས་བཤད་ཡོད།

          བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་2020ལོའི་དཔྱིད་དུས་སློབ་འགོ་འཛུགས་པའི་དུས་ཚོད་ནར་འགྱངས་བྱ་རྒྱུ་དང་། 2020ལོའི་ཟླ་གསུམ་པའི་ཟླ་སྨད་དུ་སློབ་འགོ་འཛུགས་རྒྱུ་གནས་སྐབས་གཏན་འབེབས་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

 

 
荣鼎彩开奖 极速时时彩开奖 秒速飞艇平台 秒速飞艇计划 秒速飞艇注册 秒速飞艇平台 湖南快乐十分 云海彩票平台 福建快3网址 湖南快乐十分计划