དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མཁའ་འགྲུལ་གྱི་མཁའ་ལམ་གསར་པ་སྟེ། ལྷ་ས་དང་། མགོ་ལོག ཟི་ལིང་བཅས་བར་གྱི་མཁའ་འགྲུལ་དངོས་སུ་སྤྱོད་འགོ་ཚུགས་པ།

སྤེལ་དུས 2020-05-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

         ཚེས་12ཉིན་གྱི་སྔ་དྲོར། བོད་ལྗོངས་མཁའ་འགྲུལ་A319རྟགས་ཅན་གྱི་གནམ་གྲུ་གཉིས་སྔ་རྗེས་སུ་མགོ་ལོག་རྨ་ཆེན་གནམ་ཐང་དུ་བབས་པ་དང་བསྟུན་ནས། བོད་ལྗོངས་མཁའ་འགྲུལ་གྱི་དབྱར་དུས་ཀྱི་མཁའ་ལམ་གསར་པ་སྟེ། ལྷ་ས་དང་། མགོ་ལོག ཟི་ལིང་བར་གྱི་མཁའ་འགྲུལ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
         མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་སོགས་འགོ་ཁྲིད་རྣམས་ཀྱིས་གནམ་ཐང་དུ་གནམ་གྲུའི་འཕུར་ཐེངས་ཐོག་མ་དེར་བསུ་བ་བྱས་པ་རེད། བོད་ལྗོངས་མཁའ་འགྲུལ་གྱི་སྤྱི་གཉེར་བ་གཞོན་པ་ལུའོ་ཡུང་ཅུན་གྱིས་ཀུང་སིའི་ཚབ་བྱས་ནས་གནམ་གྲུ་འཕུར་ཐེངས་དང་པོའི་མཛད་སྒོར་ཞུགས་ཤིང་། ཁོང་གིས་མཁའ་ལམ་གསར་པ་ཤར་གཏོང་ཐུབ་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མཚོ་སྔོན་གནམ་ཐང་ཀུང་སི་དང་འབྲེལ་ཡོད་ལས་ཁུངས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སླད་ཕྱིན་ཕྱོགས་སོ་སོས་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མཐོ་སྒང་གི་གྲོང་ཁྱེར་བར་གྱི་བར་སྣང་གི་ཟམ་པ་མུ་མཐུད་བསྐྲུན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ།ཕྱོགས་གཉིས་ཀར་ཕན་པ་ཡོང་བ་བཅས་ལ་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་དང་། མགོ་ལོག ཟི་ལིང་བཅས་བར་གྱི་མཁའ་ལམ་ནི་གཟའ་འཁོར་རེའི་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་སོ་སོར་འཕུར་ཐེངས་རེ་ཡོད་པ་རེད། དུས་གཏན་གནམ་གྲུའི་དུས་ཚོད་ནི་གནམ་གྲུ་TV9921དེ་ལྷ་ས་ནས་མགོ་ལོག་བར་ཆུ་ཚོད་07:00-08:50བར་དང་། མགོ་ལོག་ནས་ཟི་ལིང་བར་ཆུ་ཚོད་09:30-10:20བར་འཕུར་རྒྱུ་ཡིན་ལ།  གནམ་གྲུ་TV9922དེ་ཟི་ལིང་ནས་མགོ་ལོག་བར་ཆུ་ཚོད་07:30-08:30བར་དང་། མགོ་ལོག་ནས་ལྷ་ས་བར་ཆུ་ཚོད་09:10-10:55བར་འཕུར་རྒྱུ་རེད།
         མཁའ་ལམ་ཤར་གཏོང་ཐུབ་པ་དེས་བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ལྟེ་བར་བྱས་པའི་ས་ཁོངས་རང་བཞིན་གྱི་མཁའ་ལམ་དྲ་རྒྱའི་སྒྲོམ་གཞི་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་པ་དང་། རྗེས་ཕྱོགས་མཐོ་སྒང་དུ་མཁའ་ལམ་བཀོད་སྒྲིག་བྱེད་པར་རྨང་གཞི་བཏིང་པ་རེད།
 
湖南快乐十分走势 福建11选5 福建快3网址 秒速飞艇平台 秒速飞艇计划 澳门最有名彩票网站 山东十一运夺金开奖结果 秒速快三注册 幸运飞艇优惠 天津福利彩票网