དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དུས་ཚོད་དམ་འཛིན་དང་ནུས་ཤུགས་ཡོད་རྒུས“ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ”ཡོང་བ་བྱས་པ།

སྤེལ་དུས 2020-05-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། གནམ་ཕྱུག་རྒྱལ་གྱིས་བསྒྱུར།
—— བོད་ལྗོངས་ཀྱིས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལྟ་ཞིབ་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
          འདི་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལེགས་པར་བསྒྲུབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྣམ་གྲངས་གལ་ཆེན་སྐྲུན་འགོ་འཛུགས་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། རིམས་ནད་ཀྱི་གྱོང་གུན་དམའ་ཤོས་སུ་ཚོད་འཛིན་གང་ཐུབ་བྱེད་པ་བཅས་བྱས་ནས། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཡོད་པ་རེད།
          ཟླ་4ཚེས་8ཉིན་བར། ལྗོངས་ཡོངས་ཀྱི་སྡོད་ཁང་གྲོང་དོན་ལས་གྲྭའི་རྣམ་གྲངས་ཁག་670(གཙོ་གནད་རྣམ་གྲངས་ཁག་307)ལས་འགོ་བསྐྱར་དུ་ཚུགས་ནས། གཙོ་གནད་རྣམ་གྲངས་ལས་འགོ་ཚུགས་ཚད་61.03%ཟིན་པ་དང་། རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཡོད་པ་རེད། ལྗོངས་ཡོངས་ཀྱི་སྡོད་ཁང་གྲོང་དོན་ལས་གྲྭ་ལས་འགོ་ཚུགས་ཚད་72.8%ཟིན་ཞིང་། ལས་འགོ་བསྐྱར་ཚུགས་ཀྱི་ཆ་རྐྱེན་འཛོམས་མེད་པའི་མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་ཕུད། དེ་མིན་གྱི་གྲོང་ཁྱེར་ཁག་གིས་མིག་སྔར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ལོ་འཁོར་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱེད་ཆེད་རྣམ་པ་བཟང་པོ་གཏོད་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།
          སྤྱི་འདོམས་ཇུས་འགོད་བྱེད་པ།
          རྣམ་གྲངས་འཛུགས་སྐྲུན་གྱི“སྐུལ་སློང་གི་དུང་བརྡ”བཏང་བ།
          ཉེ་དུས། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སྡོད་ཁང་སྐྱོ་ཁུལ་དང་། ཁུལ་ཆུང་རྙིང་པ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་བཅས་སྒྱུར་བཀོད་དང་།
          གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭ འགྲོ་ལམ་དང་ཟམ་པ་སོགས་ཀྱི་གཙོ་གནད་རྣམ་གྲངས་དང་ལས་གྲྭ་གལ་ཆེན་ལ་དམིགས་ཏེ། བྱ་ཐབས་ནུས་ལྡན་སྤྱད་དེ་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྣམ་གྲངས་སྣ་ཚོགས་ལས་འགོ་ཡང་བསྐྱར་འཛུགས་པར་སྤྱི་འདོམས་ཇུས་འགོད་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
          རྣམ་གྲངས་ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེ་རུ་གཏོང་བ་དང་། ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་དུས་མཚམས་རང་བཞིན་གྱིས་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཁེ་ལས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་འགྱངས་འཇལ་སྲིད་ཇུས་ལག་ལེན་བསྟར་བ། རྣམ་གྲངས་མཆན་འགོད་ཀྱི་གོ་རིམ་བཟང་སྒྲིག་བྱེད་པ། ཁེ་ལས་འབྲིང་ཆུང་གི་ས་ཁང་བདག་ཁོངས་དང་ས་རིན་དམའ་རུ་གཏོང་བ། ལྗོངས་ཡོངས་ཀྱི་རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱི་ལས་རིགས་ལྟ་འདོམས་འགན་འཁྲི་དང་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ལས་འགོ་ཡང་བསྐྱར་འཛུགས་པའི་རྣམ་གྲངས་ལ་ཉིན་ལྟར་བསྡོམས་རྩིས་རྒྱག་པ་དང་ཞིབ་བཤེར་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ཡོད་པ་རེད།
          རང་སྐྱོང་ལྗོངས་ཀྱིས་གསལ་སྟོན་བྱས་པའི་ལོ་འཁོར་གྱི་སྡོད་ཁང་ཐོན་ལས་མ་འཇོག་གི་དམིགས་ཚད་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱ་ཆེད། 《རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ས་ཁང་བདག་ཁོངས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། གཟའ་འཁོར་རེར་ལས་ཀའི་ལམ་སྲོལ་ལག་བསྟར་ཐེངས་རེ་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁང་བདག་ཁོངས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། དུས་ཚིགས་དང་པོར་མ་འཇོག་སྒོར་དུང་ཕྱུར་4.31ལེགས་གྲུབ་ཟིན་པ་དང་འབྲེལ། ལས་མི་ལས་གནས་སུ་ལོག་ཚད་90%ཟིན་པ་རེད།
          ནུས་ཆེའི་ཞབས་འདེགས་ཞུ་བ།
          ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི“གདོང་མཆོང་གི་དུང་བརྡ”བསྒྲགས་པ།
          ཁུལ་ཆུང་གི་རྒྱལ་སྒོ་ནི་དེའི་ནང་སྡོད་མཁན་ཁྱིམ་དུ་ལོག་པའི་སྒོ་དང་པོ་དེ་ཡིན་ལ། རིམས་ནད་ལ་འགོག་རྒོལ་བྱེད་པའི“འགོག་རགས་དང་པོ”དེ་ཡང་རེད། ལྗོངས་ས་ཁང་བདག་ཁོངས་ཐོན་ལས་སྡེ་ལས་དོ་དམ་ཆེད་དོན་ཨུ་ལྷན་ཁེ་ལས་ཀྱིས་རང་དཔེ་གཞན་སྟོན་བྱས་ཤིང་། ཁྲེང་ཏུའུ་ཅིན་ཧྥང་སྡེ་ལས་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སི་དང་། བོད་ལྗོངས་ཧྲེང་ཁང་། ཉིང་ཁྲི་བདེ་སྐྱིད་ཁང་གསར་སོགས་སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་ཀྱིས་སྤྱི་པའི་འདུ་འཛོམས་ཁུལ་དུ་དུག་སེལ་བྱེད་པ་དང་། བོད་དུ་ལོག་མཁན་མི་སྣ་ཉིན་14ལོགས་འཇོག་གི་གསོ་རིག་བརྟག་དཔྱད་བྱེད་པ། ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ཐོ་འགོད་དོ་དམ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་འགོག་ཧུར་ཐག་བྱས་པ་རེད།
          རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྐར་ཁུང་སྡེ་ཚན་དུ་ཐུག་རེག་མེད་པར་ལས་དོན་སྤེལ་བ་དང་རིམ་པ་གཉིས་པའི་བཟོ་སྐྲུན་པའི་ལས་སྒྲུབ་ཐོབ་ཐང་ལག་ཁྱེར་སྦྲག་བསྐུར་གྱི་ལས་སྒོ་སྤེལ་བ་དང་སྦྲགས《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་ཉོ་ཚོང་ལྟེ་གནས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཉོ་ཚོང་ཞབས་ཞུའི་ལས་དོན་སྒྲུབ་པའི་ཕྱོགས་སྟོན》ཡོངས་བསྒྲགས་བྱས་པ་དང་འོས་སྐུལ་འོས་དཔོད་ཀྱི་གོ་རིམ་སྟབས་བདེ་རུ་བཏང་བ་རེད།
          “བོད་ལྗོངས་ཀྱི་སྡོད་ཁང་དང་གྲོང་དོན་ཁྱབ་ཁོངས་འཛུགས་སྐྲུན་རྣམ་གྲངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་འོས་སྐུལ་འོས་དཔོད་ཀྱི་འགྲོ་ལུགས་བདེ་བླག་ངང་གཉེར་ཐུབ་པའི་འགན་ལེན་བྱེད་ཆེད། བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་འབྲེལ་ཡོད་རྣམ་གྲངས་ལ‘ཐོགས་མེད་བགྲོད་ལམ’ལམ་ལུགས་ལག་བསྟར་བྱས་ནས་འབྲེལ་ཡོད་རྣམ་གྲངས་ལ་སྔོན་ལ་ཞིབ་མཆན་འགོད་པའི་ལས་དོན་ལེགས་སྒྲུབ་བྱེད་པ་དང་། རྣམ་གྲངས་འོས་སྐུལ་འོས་དཔོད་ཀྱི་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གང་མགྱོགས་བཏང་ཡོད”ཅེས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་འཛུགས་སྐྲུན་ལས་གྲྭའི་འོས་སྐུལ་འོས་དཔོད་དང་བཟོ་སྐྲུན་འགྲོ་གྲོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲའོ་དབྱང་ཅུན་གྱིས་བརྗོད།
          དཀའ་གནད་སེལ་བ།
          ལས་ཞུགས“རྡོག་ཐོན་གྱི་དུང་བརྡ”བསྒྲགས་པ།
          ལས་མི་བསྡུ་ཁག་པ་དང་ལས་མི་སྤྱོད་པའི་ཐད་དཀའ་གནད་ཆེ་བ་ནི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་ས་དེ་ཡིན་ཞིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་རིམ་གྱིས་ཡོང་བ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཁེ་ལས་གཅིག་མཇུག་གཉིས་མཐུད་ངང་ལས་འགོ་ཚུགས་མོད། འོན་ཀྱང་ཁེ་ལས་ཁ་ཤས་ཀྱི་ལས་མི་སྔར་བཞིན་དུས་ཐོག་ཏུ་འབྱོར་ཐུབ་མེད་པ་རེད།
          བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ལས་མི་སྤྱོད་རྒྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་མི་སྤྱོད་པའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་དུས་མཚམས་རང་བཞིན་གྱི་ལས་མི་སྤྱོད་པའི་དགོས་མཁོ་སྔོན་ལ་བསྐངས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། “དུས་འགྱངས་དང་། ཕྱིར་ལོག ཁ་གསབ”བཅས་ཀྱི་སྲིད་ཇུས་སྣ་ཚོགས་སྤྱད་དེ་ཁེ་ལས་དཀའ་གནད་ལས་སྒྲོལ་བ་དང་ལས་གནས་བརྟན་པོ་ཡོང་བར་རོགས་རམ་བྱས་པ་རེད།
          དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ།
          སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྤྱིའི་ཕར་རྒོལ་གྱི་དུང་བརྡ”བསྒྲགས་པ།
          ཟླ་3ཚེས་23ནས་31ཉིན་བར། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འགྲིམ་འགྲུལ་དང་། ཆུ་བེད། འཕེལ་སྒྱུར་སོགས་སྡེ་ཚན་དང་མཉམ་དུ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ཉིང་ཁྲི་དང་། ཆབ་མདོ། ནག་ཆུ། གཞིས་རྩེ། ལྷོ་ཁ་བཅས་གྲོང་ཁྱེར་5ཡི་རྫོང་དང་ཆུས་15དང་། རྣམ་གྲངས་ཁག་31ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་རེད། གཙོ་གནད་ཐོག་རིམས་ནད་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་ཀྱི་གྲ་སྒྲིག་བྱེད་པ། བོད་དུ་ལོག་མཁན་ལ་དོ་དམ་བྱེད་པ། ཨར་ལས་བཟོ་པར་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་རེད། མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་བྱས་མེད་པའི་རྣམ་གྲངས་ལ་དུས་ཐོག་ཏུ་དག་ཐེར་གྱི་བརྡ་ཐོ་བཏང་ནས་དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་པ་དང་སྦྲགས། ཁེ་ལས་ཀྱི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
          ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱ་ཆེད། རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་འཕྲལ་སྡོམ་དང་འཕྲོད་བསྟེན་བདེ་ཐང་སོགས་ཀྱི་སྡེ་ཚན་དང་མཉམ་དུ་ཆེད་དོན་གྲལ་བཤེར་བཅོས་སྒྲིག་ཚོགས་ཆུང་101བཙུགས་ཏེ་རྫོང(ཆུས)74ལ་བསྐྱོད་ནས་རིམས་ནད་ཀྱི་ལོགས་འཇོག་ལྟ་ཞིབ་བྱ་ཡུལ་དང་ལས་འགོ་ཡང་བསྐྱར་འཛུགས་པའི་རྣམ་གྲངས་ཀྱི་ལས་མི་གཅིག་སྡུད་སྡོད་ཡུལ་གྱི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་བྱས་ཤིང་། རིམས་ནད་ཀྱི་ལོགས་འཇོག་ལྟ་ཞིབ་བྱ་ཡུལ་ཁྱོན་483ལ་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་35ཤེས་རྟོགས་ཐུབ་པ་དང་། སྡོད་ཁང་གྲོང་དོན་ལས་གྲྭའི་རྣམ་གྲངས་ཁག་107དང་ལས་ཡུལ་གྱི་གཅིག་སྡུད་སྡོད་སའི་སྟབས་བདེའི་ཁང་པ་2141ལ་གྲལ་བཤེར་བྱས་པ་དང་། མངོན་མེད་རྐྱེན་ངན་ཡོད་པའི་ལོགས་འཇོག་བྱ་ཡུལ་35དང་ལས་ཡུལ་གྱི་སྟབས་བདེའི་ཁང་པ་120ལ་གྲལ་བཤེར་ཐུབ་ཅིང་། མིག་སྔར། མངོན་མེད་རྐྱེན་ངན་ཡོངས་དག་ཐེར་ཟིན་པ་རེད།
秒速快三怎么玩 幸运飞艇线路 福建11选5开奖 秒速飞艇注册 秒速飞艇是真的吗 秒速飞艇正规平台 pk10机器人 福建11选5官网 极速时时彩开奖 秒速飞艇玩法