དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྡོད་ཁང་ཁྲི་སྟོང་མང་པོ་བསྐྲུན་པས་ན། མི་སེར་ཚང་མས་དགའ་བའི་འཛུམ་མདངས་སྟོན།

སྤེལ་དུས 2020-08-28 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར།
—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་གི་བོད་ལྗོངས་ཀྱི་སྡོད་ཁང་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པའི་སྐོར་གྱི་སྒྲིལ་གླེང་།
          རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ལྗོངས་ཀྱི་སྡོད་ཁང་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་འབྲིང་དམའི་ཁྱིམ་ཚང་དང་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་སྡོད་གནས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སྡོད་ཁང་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ། སྡོད་ཁང་འཛུགས་སྐྲུན་ལས་རིགས་ཀྱི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། འགན་ལེན་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་ལས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་སྤྱི་ཡོངས་ནས་སྤྱོད་གོ་ཆོད་པ་དང་། ཁོར་ཡུག་གཙང་སྦྲ་དོད་པ། བདེ་འཇགས་ལྡན་པ་བཅས་ཀྱི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་རེད།
          སྡོད་ཁང་འགན་ལེན་ཡོད་པ།
          “ཁུལ་ཆུང་སྒྱུར་བཀོད་བྱེད་པ་ནི་གྲོང་མི་ཡོངས་ཀྱི་རེ་སྒུག་བྱེད་པ་ཡིན་པས། ཚང་མས་ཁུལ་ཆུང་སྒྱུར་བཀོད་བྱེད་མཁན་ཡིན་པ་ཤེས་སྐབས། ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤར་འདབས་བདེ་སྡོད་ཁུལ་རྙིང་པར་ལོ་20ཙམ་བསྡད་པའི་ཏུང་ཀའོ་ཕུང་གིས་བཤད།
          ཁུལ་ཆུང་རྙིང་པ་གཞན་དང་འདྲ་བར་ཤར་འདབས་བདེ་སྡོད་ཁུལ་རྙིང་པའི་སྤྱི་པའི་སྒྲིག་བཀོད་རྗེས་ལུས་དང་། ལེ་ལག་སྒྲིག་བཀོད་འཐུས་སྒོ་མི་ཚང་བ། སྒྲིག་ལས་འགལ་བའི་འཛུགས་སྐྲུན། རླངས་འཁོར་འཇོག་ས་མི་འདང་བ་སོགས་ཀྱི་གནད་དོན་ཡོད།
          “འདི་ལོར་ཁྲེང་ཀོན་ཆུས་ཁོངས་གཏོགས་ཁུལ་གྱིས་ཁུལ་ཆུང་རྙིང་པ་10སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་རྒྱུ་ཡིན་པར་ཚོད་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.4གཏོང་རྒྱུ་དང་ཁུལ་ཆུང་ཁག་གི་འགྲོ་ལམ་དང་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་རིགས་ཁག་གི་སྒྲིག་འགལ་ཁང་པ་དང་སྤང་དང་གཞུང་ལམ་བཟུང་བ་སོགས་ཁྲིམས་འགལ་སྒྲིག་བཀོད་བཤིགས་ནས་ཁུལ་ཆུང་རྙིང་པའི་ཁོར་ཡུག་འཕྲོད་བསྟེན་གྱི་མེ་ཟོན་སྒྲིག་ཆས་དང་། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་སྒྲིག་བཀོད། དམངས་ཕན་སྒྲིག་བཀོད་སོགས་ལ་གཅིག་སྡུད་སྒྱུར་བཀོད་བྱེད་རྒྱུ་ཡིན་པས། དེ་དག་གྲོང་མི་དུད་ཚང་2143གྱི་མི་8000ལྷག་ཙམ་དང་འབྲེལ་བ་ཡོད”ཅེས་ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཡོན་ཡུན་ཧྲེང་གིས་བཤད།
          2020ལོར་བོད་ལྗོངས་ཀྱི་ཁུལ་ཆུང་སྟར་པ་536གི་དུད་ཚང་3500སྒྱུར་བཀོད་བྱེད་རྩིས་ཡོད་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་33.55ཟིན་ཡོད་པ་རེད།
          2019ལོ་བར་བོད་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་287.39བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྣ་ཚོགས་ལག་བསྟར་བྱས་པར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཞེ་དྲག་ཕྱིན་པ་རེད།
          བདེ་སྡོད་བྱུང་བས་བསམ་པ་དེ་བས་སྐྱིད།
          2006ལོ་ནས་བཟུང་བོད་ལྗོངས་ཀྱིས་ཞིང་པའི་ཁང་པ་སྒྱུར་བཀོད་དང་། སྐྱ་སྤོས་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོ་བཅས་གཙོ་གནད་དུ་བྱས་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཏེ་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་དགོས་པའི་ཞིང་འབྲོག་པར་ཁ་གསབ་རོགས་དངུལ་སྤྲད་པ་རེད།
          ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་སྐྱིད་སྣང་དོད་ལ་བདེ་འཇགས་ལྡན་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་ཞིང་། ཡོམ་འགོག་བརྟན་གཏོང་དང་འཛུགས་སྐྲུན་གྱི་ནུས་རྒྱུ་བསྲི་ཚགས་ལས་གྲྭ་ལག་བསྟར་བྱས་པར་བརྟེན་ནས“རྨང་གཞི་བརྟན་པོ་དང་། ཧ་ཡང་ལྕགས་བསྲེས་མ། ཚོན་ལྡན་ངར་ལྕགས་རྫ་གཡམ”སོགས་དེང་རབས་ལག་རྩལ་དང་རྒྱུ་ཆ་དེ་དག་ཞིང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་ལ་རྒྱ་ཁྱབ་ངང་སྤྱད་པས་སྡོད་ཁང་གི་བདེ་འཇགས་ནུས་པ་ཆེ་རུ་ཕྱིན་པའི་ཁར་ཞིང་འབྲོག་པའི་སྡོད་ཁང་སྐྱིད་སྣང་དོད་དུ་སོང་ཡོད།
          ཁང་པ་གསར་པར་བསྡད་པའི་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་གསར་རྐྱང་ཡིན་པ་དང“སྒུག་རྟེན་སློང”གསུམ་གྱི་བསམ་བློའི་འདུ་ཤེས་མངོན་གསལ་དོད་པོས་འགྱུར་ལྡོག་ཕྱིན་ནས་རང་འགུལ་ངང་ལག་རྩལ་སྦྱོང་བ་དང་། འཕེལ་རྒྱས་དོན་གཉེར། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་འདུན་པ་དེ་བས་ཆེ་རུ་ཕྱིན་པ་དང་། འབབ་འཕར་ཕྱུག་འགྱུར་ཞིང་འབྲོག་པའི་རེ་སྒུག་ཆེ་ཤོས་སུ་གྱུར་པ། “ཤེས་དཔལ་ལ་སྣང་ཆེན་གྱིས་སྲོལ་གསར་གཏོད་པ”ཡང་ཞིང་འབྲོག་པའི་རྒྱུན་གཏན་གྱི་བྱ་སྤྱོད་དུ་གྱུར་པ་བཅས་བྱུང་ནས་ཁོ་ཚོས་རང་ཁྱིམ་གྱི་ཐོག་ཁར་སྐར་ལྔའི་དར་དམར་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཏེ་ཏང་དང་སྲིད་གཞུང་ལ་དྲིན་ཚོར་བའི་བསམ་པ་མཚོན་བཞིན་མཆིས།
          2019ལོར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཉེན་ཁང་དུད་ཚང་ཁྲི་4.4སྒྱུར་བཀོད་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་དང་། བདེ་སྐྱིད་ཚོར་སེམས། ཐོབ་ཚོར། དེ་བཞིན་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་མཛེས་སྡུག་ལྡན་པའི་མདུན་ལམ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
          ཐོན་ལས་འཕེལ་རྒྱས་མྱུར་བ།
          དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་པ་དང་སྡོད་ཁང་འཛུགས་སྐྲུན་བྱ་གཞག་གི་ཐོན་ལས་འཕེལ་རྒྱས་ལའང་སྐུལ་འདེད་བཏང་བ་རེད།
          2018ལོར་སླེབས་སྐབས་བོད་ལྗོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་31%ཟིན་ནས་ལྷ་ས་ལྟེ་བར་བྱས་པ་དང་། གྲོང་ཁྱེར(ས་ཁུལ)གནས་ཡུལ་འདེགས་གནས་སུ་བྱེད་པ། རྫོང་གྲོང་དང་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཅས་དྲ་རྒྱར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཤིག་རགས་ཙམ་ཆགས་པ་རེད།
          2019ལོར་བོད་ལྗོངས་ཀྱི་ཨར་འདམ་ཐོན་ཚད་ཏུན་ཁྲི་1000ལྷག་ཙམ་ཟིན་ནས་19.4%འཕར་བ་རེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“སླད་ཕྱིན་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་སྲིད་ཇུས་དང་སྐུལ་གཏོང་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཟོ་བ་དང་ཁྱབ་གདལ་བཏང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་འཛུགས་སྐྲུན་དང་ས་ཡོམ་རྒྱག་སླ་བའི་ཁུལ་གྱི་སྡོད་ཁང་དང་སྤྱི་པའི་སྒྲིག་བཀོད་སོགས་རྣམ་གྲངས་ལ་ལྷུ་སྒྲིག་རྣམ་པའི་བཟོ་སྐྲུན་རྣམ་པ་ཁྱབ་གདལ་གཏོང་གི་ཡིན”ཞེས་བཤད།
          རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་ཚུན་ལྗོངས་ཡོངས་ཀྱི་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ལྷག་པར་དུ་ད་ཕན་ལོ་ཤས་རིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྐམ་ཐབས་ཨར་འདམ་གསར་པས་གཙོ་བོ་དང་ཚོང་སྒྱུར་ཨར་འདམ་དང་། ཞ་ལ་དང་། རྡོ་ཆས། ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་ལྷུ་ལག་གསར་པ་སོགས་ཁ་གསབ་ཏུ་བྱས་པའི་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་མ་ལག་རགས་ཙམ་ཆགས་ཡོད།
          རང་སྐྱོང་ལྗོངས་ཀྱི་2020ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོ་བོད་ལྗོངས་ཀྱིས“བཟོ་ལས་ཁྱབ་ཁོངས་ཀྱི་གནོད་མེད་མ་ལག་མགྱོགས་པོ་བསྐྲུན་ནས་ཨར་འདམ་ཐོན་ནུས་འཕེལ་རྒྱས་ནུས་ལྡན་གཏོང་བ་དང་ལྗོངས་ནང་ཁུལ་གྱི་འཛུགས་སྐྲུན་རྒྱུ་ཆའི་གཞི་ཁྱོན་ལྡན་པའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག་གནོད་མེད་འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བསྟན་ཡོད་པ་རེད།
福建快3 幸运飞艇开奖结果pk10 人人红彩票平台 秒速快三打法 秒速快三走势 秒速快三注册 秒速快三打法 秒速飞艇计划 秒速飞艇平台 澳彩网彩票注册