དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཉིང་ཁྲིའི་ཆུ་ཚོད24ཡི་རིང་གི“མྱུར་བགྲོད་ཕྱིར་ཚོང་།”

སྤེལ་དུས 2020-08-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
       བར་ཐག་རི་ཆུ་སྟོང་གིས་ཆོད་པའི་ས་མཐོའི་སྐམ་སའི་དབུས་ཁུལ་དུ་གནས་པའི་བོད་རང་སྐྱོང་ལྗོངས་སུ་དེ་སྔར་མཚོ་ཟས་ཟ་འདོད་ཀྱང་དེ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད། འགྲིམ་འགྲུལ་དང་ཟོག་འགྲེམས་འཛུགས་སྐྲུན་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས། བོད་ལྗོངས་མི་དམངས་ཀྱི་གསོལ་ཅོག་སྟེང་གི་གདམ་ག་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་མཚོ་ཟས་ཟ་རྒྱུ་ནི་རིམ་བཞིན་དེ་འདྲའི་ཡ་མཚན་སྐྱེས་དགོས་པ་ཞིག་མ་རེད། འོན་ཀྱང་དགོས་མཁོ་གསར་པ་ཐོན་པ་ན་མཚོ་ཟས་གསར་ཤོས་ཇི་ལྟར་མཁོ་འདོན་བྱ་དགོས་ཞེ་ན།
       “དེ་སྔ་ང་ཚོས་མཚོ་ཟས་ཉོ་དགོས་ཚེ། ཉིན་དང་པོར་མཚོ་རྒྱུད་གྲོང་ཁྱེར་ནས་དངོས་ཟོག་བསྐུར་རྗེས་སྤྱིར་བཏང་དུ་ཁྲེང་ཏུའུ་ནས་བརྒྱུད་སྤྲོད་བྱས་ཏེ་ཉིན་གསུམ་པར་གཞི་ནས་ཉིང་ཁྲིར་འབྱོར་ཐུབ”ཅེས་ཧྭ་ཧྥ་ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་གི་སྤྱི་ཁྱབ་ཅིང་ལི་ཅའོ་ཅུན་ཧྥུང་གིས་ཕར་འགྲོ་ཚུར་འོང་བྱེད་པར་རྒྱུན་དུ་ཉིན་གསུམ་དགོས་ཞེས་ངོ་སྤྲོད་གནང་བྱུང་། 
       ད་ཆ་མཚོ་ཟས་བོད་དུ་འདྲེན་པའི་ལམ་བུ་དེ་ཉིན་གསུམ་ནས་ཉིན་གཅིག་བར་ཉུང་དུ་ཕྱིན་ཡོད། ཉིན་དེའི་སྔ་དྲོར་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་ནས་དངོས་ཟོག་བསྐུར་རྗེས། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་མཁའ་ཐོག་སྐྱེལ་འདྲེན་བྱས་པ་དང་ཉིན་དེའི་ཉིན་གུང་ཆུ་ཚོད12ཐོག་ཉིང་ཁྲིར་འབྱོར་ཐུབ་པ་དང་ཉིན་དེའི་ཕྱི་དྲོ་ས་གནས་དེ་གའི་མི་སེར་གྱི་གསོལ་ཅོག་ཐོག་འདྲེན་ཐུབ་ཀྱི་ཡོད། དེ་དང་དུས་མཚུངས་སུ། སྤུས་ལེགས་ཀྱི་བེ་ཤ་དང་ཚགས་ཤ། བོད་ཕག་སོགས་ཉིང་ཁྲིའི་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་གསར་ཤོས་དག་ཀྱང་ཐད་གཏོང་དུས་གཏན་གནམ་གྲུ་བརྒྱུད་ཀྲུའུ་ཧའེ་རུ་དབོར་བ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་གྱི་མགྲོན་པོ་རྣམས་ཀྱིས་ཆེས་མགྱོགས་ན་ཆུ་ཚོད24ཡི་ནང་ཚུན་དུ་ལེ་དབར་སྟོང་གི་ཕ་རོལ་ནས་འབྱོར་པའི་གསོལ་རིགས་ཟ་ཐུབ་ཀྱི་ཡོད། 
འདི་ནི་ཧྭ་ཧྥ་ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་རེད། 
       དུས་ཚོད་རིང་བ་དང་རིན་གོང་མཐོན་པོ་ཡོད་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཟོག་འགྲེམས་འགོར་བ་ནི་དེ་སྔ་སྤུས་ལེགས་ཀྱི་ཐོན་རྫས་གསར་པ་མང་པོ་ཞིག་ཉིང་ཁྲིར་འདྲེན་པ་དང་།ཉིང་ཁྲིའི་ས་གནས་དེ་གའི་ཁྱད་ལྡན་ཐོན་ཟོག་ས་ཆ་གཞན་དུ་གཏོང་བ་ནི་དཀའ་གནད་ཅིག་རེད། ད་ལོ་ནས་བཟུང་། ཉིང་ཁྲི་ནས་ཀྲུའུ་ཧའེ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་དང་དེ་བཞིན་ཧྭ་ཧྥ་ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་སྨི་ཁྲི་ཡི་མཁའ་དབྱིངས་སུ་བཙུགས་པའི“ཇ་རྟའི་གནའ་ལམ”ཤར་གཏོང་ཐུབ་ཡོད་ཅིང་། སྤུས་ལེགས་ཐོན་རྫས་གསར་པ་ནང་འདྲེན་བྱེད་པ་དང་ཕྱིར་སྐྱོད་པ་སྟབས་བདེ་བ་ཞིག་ཏུ་གྱུར་ཡོད། 
འདི་ནི་ཧྭ་ཧྥ་ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་རེད། 
       “ང་ཚོས་ལྷོ་ཕྱོགས་མཁའ་འགྲུལ་དང་ཉིང་ཁྲི་གནམ་ཐང་བཅས་ལ་ཕྱོགས་གསུམ་གྱི་མཉམ་ལས་གྲོས་མཐུན་བཞག་སྟེ། ཟོག་འདྲེན་རིན་གོང་སྔར་བས་དམའ་རུ་བཏང་ནས་ཁྲོམ་རའི་རིན་གོང་དང་བསྡུར་ན་རིན་གོང་ཕྱེད་ཀ་ཙམ་ཆག་ཡོད” ཧྭ་ཧྥ་ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་གི་རྣམ་གྲངས་དེ་ཀྲུའུ་ཧའེ་ཧྭ་ཧྥ་ཚོགས་པའི་མངའ་འོག་ཧྭ་ཧྥ་ཚོང་དོན་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་རྣམ་གྲངས་དེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གནམ་ཐང་ནུབ་བྱང་གཞོགས་ཀྱི་རྒྱལ་ཁབ219ཡི་ལམ་འགྲམ་དུ་གནས་ཡོད་ལ། རྒྱ་ཁྱོན་མུའུ380ཟིན་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར14.4ཟིན་ཡོད། རྣམ་གྲངས་དེ་ནི་ཀྲུའུ་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་སྨན་གླིང་ཞིང་རར་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་རེད། 
འདི་ནི་ཧྭ་ཧྥ་ཚོང་དོན་ཟོག་འགྲེམས་ཐོན་ལས་གླིང་རེད། 
       ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་རྒྱུད་དང་ཁྲོན་བོད་རིམ་མཐོའི་གཞུང་ལམ་མགྱོགས་མྱུར་འཛུགས་སྐྲུན་བྱས་པ་དང་ཆབས་ཅིག ཐོན་ལས་གླིང་མཐའ་འཁོར་གྱི་གནམ་ཐང་དང་། ལྕགས་ལམ། གཞུང་ལམ་བཅས་ཡོད་པ་དང་འགྲིམ་འགྲུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། རྨང་གཞི་དེའི་ཐོག ཐོན་ལས་གླིང་གིས་ཐོན་རྫས་འགྲེམས་སྟོན་དང་ཉོ་ཚོང་མ་ལག་དང་། མཛོད་ཉར་ལས་སྣོན། འཁྱགས་ཕྲེང་ཟོག་འགྲེམས་མ་ལག ཐོན་རྫས་བདེ་འཇགས་ཞིབ་དཔྱད་ཚད་ལེན་དང་ཕུགས་འདེད་མ་ལག གློག་རྡུལ་ཚོང་དོན་ལས་སྟེགས། དངུལ་རྩའི་ཞབས་ཞུའི་མ་ལག་བཅས་བསྐྲུན་ནས་ཉིང་ཁྲི་དང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་སྦྲེལ་མཐུད་ནུས་པ་ཐོན་རྒྱུ་རེད། 
       མ་འོངས་པར། ཉིང་ཁྲི་ནི་བོད་སྐྱོད་ཀྱི“ས་ཚིགས་དང་པོའི”གནས་ཐིག་ལ་གཏན་འཁེལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་ཟོག་འགྲེམས་ཐོན་ལས་གླིང་དེ་བོད་ཤར་ལྷོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པ་དང་འབྲེལ་རྒྱལ་ཡོངས་ལ་ཁྱབ་པ། ཡུལ་ཟོག་དང་བོད་སྨན་གྱི་སྨན་རྒྱུ་ཉོ་ཚོང་གཙོ་བོར་བྱེད་པའི་ཚོང་དོན་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་ཤིག་ཏུ་བསྐྲུན་རྩིས་ཡོད་པ་དང་། ཀོང་པོའི་བཟོ་སྐྲུན་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཁྱད་ལྡན་ཚོང་དོན་གྲོང་རྡལ་ཆུང་ངུ་ཞིག་གཏོད་ནས་ཉིང་ཁྲིའི་དཔལ་འབྱོར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྔར་བས་སྐུལ་ཁྲིད་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་གྲོང་ཚོ་འཛུགས་སྐྲུན་གྱི་མཉམ་འདྲེས་གསབ་རེས་མངོན་འགྱུར་ཡོང་བ་བྱེད་རྒྱུ་ཡིན་ལ། ཉིང་ཁྲིའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་བྱས་རྗེས་གསར་པ་འཇོག་རྒྱུ་རེད།
秒速飞艇计划 重庆快乐十分 福建快3投注 湖南快乐十分开奖 十大正规博彩游戏排名 秒速飞艇网址 福建快3 秒速飞艇官网 秒速赛车是真的吗 秒速飞艇注册