དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་པ།

སྤེལ་དུས 2020-08-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
—— བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཐུགས་ཁུར་གནང་བའི་དངོས་བྲིས།


འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་པར་བླངས་པའི་གཞུང་ལམ་དང་ལྕགས་ལམ་ཡིན་པ། (2016ལོའི་ཟླ་8ཚེས་17ཉིན་མི་མེད་གནམ་གྲུས་པར་བླངས་པ)
          འདི་ནི་ངོ་མཚར་ཆེ་བའི་ས་མཐོ་ཡིན། འདི་གར་མུ་ལ་མུ་ཁྱུད་ཀྱི་རི་ཚོགས་ཀྱིས་སྐོར་ཞིང་ཆུ་བོ་ཁྲི་སྟོང་མང་པོ་ཤང་ཤང་དུ་རྒྱུག་བཞིན་མཆིས།
          ཡངས་ཤིང་རྒྱ་ཆེ་བའི་ས་གཞི་གཤིན་པོ་འདིའི་ཐོག་ངོ་མཚར་ཆེ་བའི་བྱས་རྗེས་ཡང་ནས་ཡང་དུ་གཏོད་བཞིན་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་བ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དང་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
          དབྱར་སྟོན་འབྲེལ་མཚམས་སུ། ནམ་མཁའ་སྔོ་ཞིང་དྭངས་ལ་མཁའ་རླུང་གཙང་ཞིང་། མེ་ཏོག་སྣ་བརྒྱ་རབ་ཏུ་བཞད་དེ་ས་མཐོའི་ས་གཞི་ཆེན་པོ་གང་ས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལྟ་ན་སྡུག་པའི་ཡུལ་ལྗོངས་མངོན།
          ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤོབས་པ་ཆེར་སྐྱེད་དང་ལག་གདང་སྦྲེལ་ནས་གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་བཞིན་ཡོད།
          ཏང་གི་བཀའ་དྲིན་སེམས་སུ་བཅངས་པ།
          ——བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོས་འཆར་གཞི་ཡག་པོ་བཏིང་སྟེ་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ།
          བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ལམ་318འགྲམ་གྱི་ཚང་ཚིང་ཤུག་སྡོང་ཆེན་པོའི་གསེབ་ནས་བྲག་ཕྱིབས་གྲོང་ཚོའི་དམངས་ཀྱི་སྡོད་ཁང་རབ་རིབ་ཏུ་མངོན།
          ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་པོའི་གྲོང་ཚོ་ཞིག་ཡིན་པའི་ཆ་ནས། བྲག་ཕྱིབས་གྲོང་ཚོའི་2019ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཟིན་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་3.4ཟིན་ཡོད།
          བོད་ལྗོངས་ཀྱི་གྲོང་སྡེ་ཆུང་ཆུང་འདིར་བློ་མཐུན་ཞི་ཅིན་ཕིང་ཐེངས་གཉིས་ཕེབས་མྱོང་ཞིང་། ཁོང་གིས“ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ལ་ཡོང་འབབ་མང་དུ་གཏོང་རོགས་བྱས་ནས་མི་སེར་ཚོར་འཚོ་བ་དེ་བས་བདེ་སྐྱིད་ཕུན་སུམ་ཚོགས་པ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
          “སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་གཞིར་བཟུང་། ང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་ཡིན། ད་ལྟ་ཚང་མ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་སོང”ཞེས་བྲག་ཕྱིབས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་བཤད།
          མཐོ་ཞིང་བརྗིད་ཆགས་པའི་རི་བོ་ཧི་མ་ལ་ཡ་དང་མུ་ལ་མུ་ཁྱུད་ཀྱི་རི་བོ་ནི་ཡིག་འབྲུ་བཀོད་མེད་པའི་བརྗིད་ཆེའི་རྡོ་རིང་ལྟ་བུ་ཡིན་ཞིང་། དེ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་དཔང་པོ་བྱེད་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་བཞིན་ཡོད།
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70ཙམ་སོང་རིང་། སྐབས་རིམ་བྱུང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་ཀྱི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་བྱེད་པར་དམིགས་ཏེ། དུས་རབས་གསར་པར་གངས་ལྗོངས་ས་མཐོ་འཕེལ་རྒྱས་གཏོང་བར་ཐུགས་ནུས་ཧ་ཅང་ཆེན་པོ་བཏོན་གནང་ཡོད།
          རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་ནི་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་། མཐའ་མཚམས་སུ་ཆགས་པ། དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དམིགས་བསལ་གྱི་རང་བྱུང་ས་ཁམས་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱི་རྐྱེན་པས་བོད་ལྗོངས་ནི་རྒྱལ་ཁབ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཙོ་གནད་དང་དཀའ་གནད་ཅིག་ཏུ་གྱུར་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བོད་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་བོད་ལྗོངས་ཀྱི་དར་རྒྱས་ཡར་ཐོན་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་རེ་སྒུག་ཆེན་པོ་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན།
          དུས་རབས་གསར་པར་བོད་ལྗོངས་ཇི་ལྟར་སྐྱོང་རྒྱུ་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་བསྒྲུབ་རྒྱུ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅིས་བསམ་གཞིག་གཏིང་ཟབ་གནང་ཡོད།
          “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”
          2013ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་གསལ་བཏོན་གནང་ནས་མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་བསལ་གནས་བབ་ནན་བཤད་གནང་ཡོད།
          2015ལོའི་ཟླ་8པར་པེ་ཅིང་དུ།
          ཏང་གི་བོད་ལྗོངས་ཀྱི་ལས་དོན་གྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་སྟེ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། ཚོགས་འདུ་གལ་ཆེན་འདིའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་བོད་སྐྱོང་མཛད་ཇུས་སྐོར་རྒྱས་བཤད་གནང་བ་སྟེ།
          ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་།
          ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ།
          ངེས་པར་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
          ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ།
          ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱེད་པའི་ཁྲོད་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ།
          ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ཤེས་ལྡན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གིས་བོད་ལྗོངས་སུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།
          མཛད་ཇུས་དེས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་བོད་ལྗོངས་ཀྱི་ལས་དོན་གྱི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་འབྲེལ་མཐུད་བྱས་པའི་ཁར། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ལྗོངས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།
          མཛད་ཇུས་རིམ་བཞིན་གྲུབ་པ་དང་ཆགས་པ་ནི་བོད་སྐྱོང་ཆོས་ཉིད་སྙིང་བསྡུས་དང་ཕྱོགས་སྡོམ་ཆེན་པོ་བྱས་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་བསམ་གཞིག་གང་ལེགས་གནང་བ་དེའི་ནང་གཅིག་ཏུ་འདུས་ཡོད།
          1998ལོའི་ཟླ་6པར། བློ་མཐུན་ཞི་ཅིན་ཕིང་ཧྥུའུ་ཅན་གྱི་ཁ་གཏད་རོགས་སྐྱོར་ལས་འགན་དབང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་ཡོད།
          2011ལོའི་ཟླ7པར། བློ་མཐུན་ཞི་ཅིན་ཕིང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོའི་ངོས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཕེབས་ཤིང་། ཁོང་གིས“བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་བོད་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་ཞིག་ཡིན་ལ། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་འདུན་པ་ཆེན་པོ་དང་ཐུན་མོང་གི་འགན་འཁྲི་ཡང་ཡིན”ཞེས་གསུངས་ཡོད།
          2015ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་བབ་གསར་པའི་འོག་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
          མཐོ་གཟིགས་འོག་བསྐྱངས་དང་ཁ་སྒྱུར་ཕྱོགས་སྟོན་ཐུབ་ན་གཞི་ནས་བརྟན་པོའི་ངང་ཡུན་རིང་ལག་བསྟར་ཐུབ།
          བོད་ལྗོངས་ཡུན་རིང་འཕེལ་རྒྱས་ཡོང་བར་བྱ་ཆེད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་བྲེལ་ཤིན་ཏུ་ཆེ་ཡང་རྣམ་པ་སྣ་ཚོགས་ཐོག་ནས་བོད་ལྗོངས་ཀྱི་ལས་དོན་ལ་ཐུགས་ཁུར་དང་མཛུབ་ཁྲིད་གནང་བ་སྟེ།
          —— 2015ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་མཚམས་སུ་རྟེན་འབྲེལ་ཞུ་བའི་སྒོ་བན“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དང་།
          ——“2019•ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཁོང་གིས་བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བཅས་བྱས་ཏེ། དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་རྒྱུའི་ཐུགས་རེ་གནང་བ།
          ——2020ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་བོད་ལྗོངས་ཀྱི་ལས་དོན་སྙན་སེང་ཆེད་མངགས་གསན་པ།
          —— “ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་བ།
          —— ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་བཀོད་སྒྲིག་རབ་དང་རིམ་པ་གནང་སྟེ། བོད་སྐྱོང་མཛད་ཇུས་ཀྱི་མ་ལག་གི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་……
          སྤྱི་ཁྱབ་ཧྲུའུ་ཅིར་དཀར་གཙང་མཇལ་དར་ཕུལ་བ།
          —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཐུགས་ལ་བཅངས་ཤིང་། རྣམ་པ་སྣ་ཚོགས་ལ་བརྟེན་ནས་བོད་ལྗོངས་ལ་ཐུགས་ཁུར་གནང་བས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་གུས་བཀུར་དང་བརྩི་བཀུར་ཞུ་བ།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཐུགས་ལ་བཅངས་ཏེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ཡོད།
          2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་བོད་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་དུ་ཡོམ་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཐུང་ཉིན་བཅུ་གྲངས་ནང་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་ཐེངས་གཉིས་གནང་ཡོད།
          ལོ་ལྔའི་གོང་གི་ས་ཡོམ་ཆེན་པོའི་གནས་ཚུལ་གྱི་སྐོར་གླེང་སྐབས། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གནས་གྲོང་ཚོའི་བགྲེས་སོང་པ་སངས་ལ་ད་ལྟའང་ཚོར་སྣང་ཟབ་མོ་ཡོད།
          “གལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཏང་དང་སྲིད་གཞུང་གི་རོགས་རམ་མེད་ན། ང་ཚོ་གོད་ཆག་དེ་ལས་ཐར་ཐབས་མེད། ཁང་པ་གསར་པ་ཡང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་བརྒྱབ་པ་ཞིག་ཡིན། ང་ཚོ་བོད་རིགས་མི་དམངས་ཀྱི་འདུན་པ་ཆེ་ཤོས་ནི་དཀར་གཙང་མཇལ་དར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ལ་འབུལ་གྱི་ཡིན”ཞེས་པ་སངས་ཀྱིས་བཤད།
          “ཁྱེད་ཚོས་སློབ་སྦྱོང་གི་དུས་སྐབས་ལ་གཅེས་འཛིན་གྱིས་ལག་རྩལ་ཧུར་ཐག་སྦྱོང་དགོས། སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ། བྱམས་སེམས་དང་ལག་རྩལ་ལ་བརྟེན་ནས་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས”
          འདི་ལོའི་ཟླ་2ཚེས་21ཉིན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་བྱེད་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་མཁན་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་17ལ་འཕྲིན་ལན་སྤྲིངས་གནང་ཡོད།
          ནད་ཐོག་གསོ་རིག་ཆེད་ལས་སྦྱོང་མཁན་རྟ་མགྲིན་དབང་འདུས་ནི་འཕྲིན་ཡིག་འབྲི་མཁན་སློབ་མའི་གྲས་ཤིག་རེད། འདི་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་སྐུལ་ལྕག་འོག རྟ་མགྲིན་དབང་འདུས་ཀྱིས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྨན་ཁང་དུ་ལས་ཀ་བྱེད་པའི་གོ་སྐབས་དོར་ནས། རང་འགུལ་ངང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་བྱས་ཏེ་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་འགོ་ཚུགས་པ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པར་བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྙིང་དབུས་ནས་གུས་བཀུར་ཞུ་ཡི་ཡོད།
          —— སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་ཆེས་གཞི་རིམ་ལ་ཐུགས་ཁུར་གཟབ་བཞེས་གནང་སྟེ་དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་འཆང་བ།
          “ད་ཆ་མེ་ཏོག་བར་གཞུང་ལམ་བཟོས་ཡོད་དམ”ཞེས་2013ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྤེལ་རེས་གནང་སྐབས། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་ཆོས་སྒྲོན་ལ་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་རེད།
          “ད་ཆ་ཁྱེད་ཚོར་ས་མཐོའི་ཁ་གསབ་དངུལ་དོན་འཁྱོལ་བྱུང་ངམ། དྲོ་ཇུས་གྲོན་དངུལ་ལྷ་ས་དང་ཁྱད་པར་ཡོད་དམ”ཞེས་2015ལོའི་ཟླ་དང་པོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཐེངས་དང་པོའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ནས་སླེབས་པའི་མཚོ་གཉིས་རྫོང་གི་རྫོང་ཨུད་ཧྲུའུ་ཅི་དང་སྤེལ་རེས་གནང་སྐབས། བོད་ལྗོངས་དང་མཚོ་གཉིས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ས་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།
          —— སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་ལས་བྱེད་པར་ཐུགས་ཁུར་གཟབ་བཞེས་གནང་བ་དང་མངགས་བཅོལ་ཟབ་མོས་མི་སེམས་ལ་སྐུལ་ལྕག་ཐེབས་པ།
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སྲང་ལམ་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་མཇལ་མྱོང་ཡོད།
          2013ལོའི་ཟླ་3ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་ཐེངས་དང་པོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ལ“ཁྱེད་སྐུ་ལས་ཁག་སོང”ཞེས་པའི་བྱམས་བརྩེ་དང་དྲོ་སྐྱིད་ལྡན་པའི་འཚམས་འདྲིའི་བཀའ་མོལ་གྱིས་སྐལ་བཟང་སྒྲོལ་དཀར་ལ་སེམས་འགུལ་ཆེན་པོ་ཐེབས་པ་རེད།
          2015ལོའི་ཟླ་9ཚེས་30ཉིན་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་སྐལ་བཟང་སྒྲོལ་དཀར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་གདན་ཞུ་ཐོབ་ནས་པེ་ཅིང་དུ་རྒྱལ་སྟོན་བྱེད་སྒོར་ཞུགས་སྐབས་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་བ་རེད།
          2017ལོའི་ཟླ་3ཚེས་11ཉིན་གྱི་དགོང་མོར། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུ་འཚོག་ཡུལ་དུ། སྐལ་བཟང་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གམ་དུ་བཅར་ཏེ་དར་དམར་གྲོང་ཚོ་གྲོང་ཚོ་དབུལ་པོ་ནས་འབྱོར་ཕྱུག་ལམ་དུ་བསྐྱོད་པའི་འགྱུར་ལྡོག་ཆེན་པོ་སྙན་སེང་ཞུ་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་སྣང་གཤིན་པོས་ཁྱེད་བརྒྱུད་ཕ་ཡུལ་གྱི་གཉེན་ཉེ་ཚོར་འཚམས་འདྲི་ཞུ་རོགས། ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བའི་སྨོན་འདུན་ཞུ་ཞེས་གསུངས་པ་རེད།
          “ངས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་གྲོང་ཚོ་ཡོངས་ཀྱི་སྣེ་ཁྲིད་དེ་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད།
          “དུས་ཡུན་རིང་པོའི་ནང་། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་ཡོན་ཚོས་གཞན་དང་མི་འདྲ་བར་བདེ་སྐྱིད་དང་ལོངས་སྤྱོད་ཀྱི་འཚོ་བ་དོར་ནས་གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ། སྙིང་རུས་ཆེན་པོས་དཀའ་སྤྱད་འབད་འཐབ་བྱས་ཡོད” རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་གངས་ལྗོངས་ས་མཐོར་ལེགས་སྐྱེས་ཕུལ་བ་དང་རང་སྲོག་བློས་བཏང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གདེང་འཇོག་ཆེན་པོ་གནང་བ་དང་འབྲེལ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཁོ་ཚོའི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ད་ཆ་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་གླ་ཕོགས་ཀྱི་ཆུ་ཚད་དང་ལོ་འཁོར་གྱི་འཁོར་ཞག་ཉིན་གྲངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད།
          —— སྤྱི་ཁྱབ་ཧྲུའུ་ཅིས་ས་སྲུང་མཐའ་བརྟན་གྱི་མང་ཚོགས་ཐུགས་ལ་བཅངས་ཏེ་ཁོ་ཚོར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པའི་སྐུལ་ལྕག་གནང་བ།
          དབྱར་དུས་ཀྱི་ཡུལ་སྨད་སྔོ་སིང་སིང་གི་ཤུག་པ་དང་ན་བུན་གྱི་ཁྲོད་དུ་གནས་ཤིང་། མཐའ་མཚམས་ཤང་དེ་ནི་སྔོན་མ་བོད་ལྗོངས་ཀྱི་ཐག་རིང་ཤོས་ཀྱི་ཤང་གི་གྲས་ཡིན་པ་དང་གནས་དེར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་དང་ཕ་བཅས་ནང་མི་གསུམ་ལས་མེད།
          2017ལོའི་ཟླ་10ཚེས་28ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་ནས་ཡུན་རིང་མ་སོང་བར། པེ་ཅིང་ནས་འབྱོར་བའི་འཕྲིན་ལན་ལས་ཐག་རིང་ལུང་ཁུག་གི་ཤང་དེ་སྐབས་ཤིག་རིང་དགའ་སྤྲོའི་དཔལ་ལ་རོལ་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས། ཁྱེད་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་འབྲོག་པ་མང་ཚོགས་དེ་བས་མང་བའི་སྣེ་ཁྲིད་དེ། སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་ཞེས་གསུངས་ཡོད།
          ད་ཆ་ཡུལ་སྨད་ཀྱི་མི་འབོར་234བར་འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་པ། སྔོན་མའི“མི་གསུམ་ཤང”དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་དུ་གྱུར་ཡོད།
          “ཕ་ཡུལ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། ང་ཚོས་ཕ་ཡུལ་གྱི་རྩྭ་དང་རྩི་ཤིང་ཡག་པོ་སྲུང་གི་ཡིན”ཞེས་སྒྲོལ་དཀར་གྱིས་བཤད།
          —— སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་གཟབ་བཞེས་ཀྱིས་ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་བཏང་གནང་བ།
          “ཏང་གི་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་ཡག་པོ་བྱེད་པའི་འགག་རྩ‘ཁྲིད་སྟོན’ཐད་བསམ་བློ་གཏིང་ཟབ་གཏོང་བ་དང་། གསལ་པོར་རྟོགས་པར་བྱེད་པ། གནད་ལ་འཁེལ་བར་བྱེད་པ་བཅས་ལ་ཐུག་ཡོད། ‘ཁྲིད་སྟོན’ཐད་བྱེད་ཐབས་ལྡན་པ་དང་། ‘ཁྲིད་སྟོན’ཤུགས་དང་ལྡན་པ། ‘ཁྲིད་སྟོན’ལ་ཕན་འབྲས་ལྡན་པ་བཅས་བྱས་ནས་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས”དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གཏིང་ཟབ་གནང་ཡོད།
          2015ལོའི་ཟླ་6ཚེས་10ཉིན་ཀྲུང་ནན་ཧའེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ་རེད།
          སྤྱི་ཁྱབ་ཧྲུའུ་ཅིས་པཎ་ཆེན་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཐུགས་འདུན་འཛིན་པ། འགྲོ་དྲུག་འདྲ་མཉམ་དང་བྱམས་སྙིང་རྗེ་རྒྱུན་དུ་འཆང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ནང་བསྟན་གྱི་མཁྱེན་རྒྱ་ཟབ་ཅིང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་གུས་བཀུར་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས་ཞེས་སྐུལ་ལྕག་གནང་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ལྕག་སྐུལ་འོག དུས་རབས་གསར་པའི་བོད་ལྗོངས་སུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱུང་བ་དང་། རྒྱལ་གཅེས་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་སྟངས་ཚད་དང་ལྡན་ལ་གོ་རིམ་དང་ལྡན་པ། ཆོས་ལུགས་སྣ་ཚོགས་དང་གྲུབ་མཐའ་ཁག་ཚང་མར་བརྩི་འཇོག་དང་སྲུང་སྐྱོང་ཐུབ་ནས་ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བྱུང་ཡོད།
          —— སྤྱི་ཁྱབ་ཧྲུའུ་ཅིས་སྣོད་བཅུད་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། སློབ་གསོ་འཕེལ་རྒྱས་བཅས་ལ་ཐུགས་ཁུར་གནང་སྟེ་བོད་ལྗོངས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་གནང་བ།
          མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་སྣེ་གསུམ་པ། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན་བཅས་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱེད་པའི་གནས་གལ་ཆེན་ཞིག་ཀྱང་རེད།
          2017ལོའི་ཟླ་8པར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་ལྷ་སར་འགོ་ཚུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚན་རིག་རྟོག་ཞིབ་ཞིབ་འཇུག་གིས་ནུས་ཤུགས་ཡོད་རྒུས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།
          《གླིང་སྒྲུང》ནི་རང་རྒྱལ་གྱི་སྐད་གྲགས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་གྲ་རྒྱས་གོང་འཕེལ་གྱི་པར་རིས་དང་དངོས་དཔེར་གཟིགས་སྐོར་གནང་བར་ཕེབས་སྐབས། ལྷ་མོ་དང་ལོ་རྒྱུས་སྙན་ངག་སྟེ《གླིང་སྒྲུང》མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཀོད་པ་གཟིགས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བར་གདེང་འཇོག་ཆེན་པོ་གནང་ཡོད། ཕྱིས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ས་གནས་སོགས་སུ་རྟོག་ཞིབ་གནང་སྐབས་ལོ་རྒྱུས་སྙན་ངག་སྟེ《གླིང་སྒྲུང》གི་སྐོར་ཐེངས་མང་གླེང་གནང་ཡོད།
སློབ་གསོའི་བྱ་གཞག་བོད་ལྗོངས་ཀྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད། 2018ལོའི་ཟླ་10པར་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། སློབ་གྲྭར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་བསྟར་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སློབ་གྲྭའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བ་དང་ཤུལ་འཛིན་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་རེ་བ་བཏོན་གནང་ཡོད།
          དགའ་ཞེན་རི་ལས་མཐོ། བརྩེ་སེམས་མཚོ་ལས་ཟབ།
          བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་ཐུགས་ཁུར་གནང་བ་ལས་ས་མཐོའི་བུ་ཕྲུག་ལ་སྐུལ་ལྕག་ཆེན་པོ་ཐེབས་ཏེ་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
          དུས་རབས་གསར་པའི་བོད་ལྗོངས་གསར་པ།
          —— བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་བུ་ཕྲུག་ཚོས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་བཞིན་པ།
          དེ་སྔ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་ཚོ་ནི་ས་རྒོད་ལུང་སྟོང་ཞིག་རེད། དེ་གའི་མི་མང་པོ་ཞིག་གིས་ཡུལ་གཞན་དུ་སློང་མོ་རྒྱག་པར་ཕྱིན་སྟབས“སྤྲང་པོའི་གྲོང་ཚོ”ཞེས་མིང་བཏགས་ཡོད།
          ད་ཆ་ཏང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་ཕན་པ་ཐོབ་པ་དང་གྲོང་མི་ཚོས་འབད་བརྩོན་བྱས་པ་བརྒྱུད། བདེ་ཆེན་གྲོང་ཚོ་མཛེས་སྡུག་ལྡན་ཞིང་འབྱོར་ཕྱུག་ལྡན་པའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།
          “འཚོ་བ་དེ་བས་ཡག་ཏུ་ཕྱིན་པ་དང་གཞོན་ནུ་ཚང་མས་ཕན་ཚུན་འགྲན་བསྡུར་དང་ཕན་ཚུན་འགྲན་རྩོད་བྱེད་ཀྱི་འདུག ང་ཚོར་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་རྗེ་ཆེ་ཞུ”ཞེས་བདེ་ཆེན་གྲོང་ཚོའི་ལོ་64ལ་སོན་པའི་རྣམ་རྒྱལ་གྱིས་སྤྲོ་སྣང་ཆེན་པོས་བརྗོད།
          “‘ཁུལ་གསུམ་དང་ཀྲོའུ་གསུམ’སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་དམིགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་དོན་འཁྱོལ། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་པ་བཅས་བྱས་ནས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས” “‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་གྲུབ་འབྲས་བརྟན་དུ་བཏང་ནས་དབུལ་པོ་བསྐྱར་ལོག་མི་ཐེབས་པ་བྱེད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གནད་ལ་སྨིན་པ་དང་ནང་དོན་ཟབ་མོ་ལྡན་ཡོད།
          2019ལོའི་ལོ་མཇུག་ཏུ“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་སྟེ། བོད་ལྗོངས་ཀྱི་ཁག་མཇུག་ཤོས་ཀྱི་རྫོང(ཆུས)དབུལ་པོ19དངོས་སུ་རྫོང(ཆུས)དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་ལས། ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་ལྷག་མེད་པ་མཚོན་གྱི་ཡོད།
          བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས“ལོ་60ལྷག་ཙམ་གྱི་གོང་དུ་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། ད་ཆ་ཏང་གི་འགོ་ཁྲིད་འོག་ལོ་ངོ་སྟོང་ཕྲག་རིང་བོད་ལྗོངས་ལ་འཕྲད་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་དེ་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། དེ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཞིག་རེད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་གྱི་ཡོད”ཅེས་བརྗོད།
          དུས་ཚོད་ནི་ཡར་ཀླུང་གཙང་པོ་ལྟར་རྒྱུན་ཆད་མེད་པར་རྒྱུག དད་སེམས་ནི་རི་བོ་ཧི་མ་ལ་ཡ་ལྟར་མཐོ་ཞིང་བརྟན།
          དུས་རབས་གསར་པར་སླེབས་ཚུན་བོད་ལྗོངས་ལ་སྔར་བྱུང་མྱོང་མེད་པ་དང་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ནས་འཕུར་མཆོང་གི་གཤོག་ཟུང་བསྒར་བ་ལྟར་འཕེལ་རྒྱས་བྱུང་ཡོད།
          ——“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།
          འདི་ལོའི་ཟླ་6ཚེས་20ཉིན་གྱི་ཆུ་ཚོད་7པར། རྫམ་གྱི་ཡར་ཀླུང་གཙང་པོའི་ཉིས་གཤིབ་ཟམ་ཆེན་གྱི་གདུང་མ་གཙོ་བོ་བདེ་བླག་ངང་སྦྲེལ་མཐུད་བྱས་པ་དང་ཆབས་ཅིག ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་ཟམ་པ་120ཡི་གྲུབ་ཆ་གཙོ་བོ་ཚང་མ་བསྐྲུན་ཟིན་ཡོད།
          “མཁའ་ལམ”དེས་ཡར་ཀླུང་གཙང་པོ་ཐེངས་16བརྒལ་བ་དང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ཟམ་པ་དང་ཕུག་ལམ་གྱིས་བཟུང་བའི་བསྡུར་ཚད་75%ཟིན་པ། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ལྕགས་ལམ་ཧྲིལ་པོ་འདིང་ཐུབ་རེ་ཡོད།
          “དུས་བབ་གསར་པའི་འོག‘ལམ་གཉིས་ཀྱི་སྙིང་སྟོབས’མུ་མཐུད་དར་སྤེལ་གཏོང་དགོས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་མངགས་བཅོལ་ཟབ་མོ་གནང་བ་ཞིག་ཡིན་ལ། ‘མཁའ་ལམ’བསྐྲུན་རྒྱུའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན”ཞེས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པའི་ཚོགས་པ་ལྷ་ཉིང་ལྕགས་ལམ་ལས་གྲྭ་བཀོད་འདོམས་པུའི་བཀོད་འདོམས་པ་ཧོ་ཤུས་ཀྱིས་བརྗོད།
          “མཁའ་ལམ”གཞན་ཞིག་ད་ལྟ་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད། ལོ་10ཡང་མ་འགོར་བར་བོད་ལྗོངས་ཀྱི་གློག་དྲ་གཙོ་བོས“རིམ་སྤོར་རབས་བརྗེ”མགྱོགས་མྱུར་བྱས་པ་མ་ཟད། ཐག་རིང་ལུང་ཁུག་གི་ས་ཁུལ་ལ་མགྱོགས་མྱུར་སྣུར་སྲིང་དང་ཁྱབ་ཐུབ་པར་བྱས་ཡོད།
          ཟླ་7ཚེས་26ཉིན། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་སྟེ་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་སྐུད་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས། མཚོ་བོད་དང་། ཁྲོན་བོད། བོད་དབུས་བཅས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་རྗེས་ཀྱི“གློག་ཤུགས་མཁའ་ལམ”བཞི་པ་དེར་གྱུར་ཡོད། ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་རྗེས། མངའ་རིས་ཀྱི་གློག་དྲ་ཁེར་རྐྱང་གཉེར་སྐྱོང་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ནས། ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་པར་དེ་བས་སྟབས་བདེ་མང་པོ་བསྐྲུན་ཐུབ་རྒྱུ་རེད།
          ——མི་རིགས་ཁག་དབར་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱས་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ།
          “རིམས་ནད་ཀྱི་མདུན་དུ་ཁྱེད་ཚོ་ཤ་ཁྲག་འདྲེས་པའི་གཉེན་ཉེ་མིན་ཡང་། གཉེན་ཉེ་ལས་ཀྱང་ལྷག”ལོགས་སུ་འཇོག་པའི་ནད་ཁང་ནས་དོན་པ་དང་ནད་དུག་གི་མནར་གཅོད་ལས་ཐར་བའི་ཞའོ་ཀྲང་གིས་སྨན་དོན་མི་སྣར་གུས་འདུད་ཞུས།
          འདི་ལོའི་ལོ་སྟོད་དུ་ཧུའུ་པེ་ནས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ཞའོ་ཀྲང་ནི་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱུང་བའི་ནད་པ་འབའ་ཞིག་དེ་རེད། བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཧོར་རིགས་སོགས་མི་རིགས་མང་པོ་ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་ཚོགས་པས“སྨན་ཁང་གཅིག་གིས་ནད་པ་གཅིག་བཅོས་པའི”སྨན་པའི་བྱམས་སེམས་མཚོན་པའི་གཏམ་རྒྱུད་བཏོད་ཡོད།
          དེ་དང་འདྲ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དུས་གཅིག་ཏུ་ཧུའུ་པེའི་ཝུའུ་ཧན་དུ་ཐོན་ཞིང་། དཔྱིད་གསར་དུས་ཆེན་རིང་བོད་ལྗོངས་ཀྱི་སློབ་མ་62ཀྱི་ཁྱིམ་བདག་ཝུའུ་ཧན་དུ་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུར་ལྟ་བར་སླེབས་རྗེས་རིམས་ནད་ཀྱི་རྐྱེན་པས་སློབ་གྲྭའི་ཉེ་འཁོར་དུ་སྡོད་དགོས་བྱུང་ཡོད།
          ཝུའུ་ཧན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཁོང་ཚོར་རིན་མེད་ཀྱི་ཟས་རིགས་དང་ཉལ་ཁང་བཀོད་སྒྲིག་བྱས་པ་དང་། སློབ་མའི་ཁྱིམ་བདག་གིས་ཀྱང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་སྔོ་ཚལ་སོགས་ཀྱི་དངོས་ཟོག་དབོར་རོགས་བྱས་ཡོད། གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས“ད་ཐེངས་ཀྱི་རིམས་ནད་ལས་ང་ཚོར་སླར་ཡང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་དང་སྟོབས་ཤུགས་ཚོར་བྱུང”ཞེས་བརྗོད།
          མི་རིགས་མཐུན་སྒྲིལ་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་འཇོག་དགོས་ཞེས་གསུངས་ཡོད།
          ལོ་ལྟར་གྱི་ཟླ་9པ་དེ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ཡོད།
          འདི་ལོའི་ཟླ་དང་པོར《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འདེམས་ཤོག་ཆ་ཚང་ཐོག་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད། དེ་ནི་བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི“ཁྲིམས་ལྟར་བོད་སྐྱོང”གི་རྩ་དོན་གལ་ཆེན་ལག་བསྟར་བྱེད་པའི་ཁྲིམས་འཛུགས་ཀྱི་བྱ་ཐབས་ཤིག་རེད།
          ད་ཆ་མི་དེ་བས་མང་བ་བོད་ལྗོངས་སུ་བྱ་གཞག་གཏོད་པར་ཡོང་གི་ཡོད། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་མང་པོ་ཞིག་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དུ་ལས་ཞུགས་ཐུབ་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
          ——བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཐུབ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བདེ་ཞིང་སྐྱིད་པ།
          ཀྱག་ཀྱོག་གི་ཕག་རི་གཙང་པོའི་རྒྱུད་དུ་བསྐྱོད་དེ་ལུང་གཞུང་དང་། གཡང་གཟར། བྲག་རི་བཅས་བརྒྱུད་ནས་མཐར་གངས་རིའི་རྩེ་རུ་སླེབས་པ་དང་། དེ་ནས་ཐག་རིང་དུ་རྒྱང་ལྟ་བྱེད་སྐབས་མཁར་རྫོང་ལྟ་བུའི་གྲོང་སྡེ་ཞིག་འཕྲལ་མར་མིག་ལམ་དུ་མངོན།
          དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་རྦ་ཁ་གྲོང་ཚོ་རེད། རི་མཐོ་ལ་གཡང་གཟར་བའི་ཡུལ་དེ་ནི་བོད་ལྗོངས་ཀྱི་སྐྱོད་དཀའ་ཤོས་ཀྱི་མཐའ་མཚམས་གྲོང་ཚོའི་གྲས་ཤིག་རེད།
          ལོ་45ལ་སླེབས་པའི་ཚེ་དཔལ་ཡེ་ཤེས་དང་ཁོང་གི་ཆུང་མ་དོན་གྲུབ་བཟང་མོས་འདི་ལོའི་དཔྱིད་ཀ་ཤར་རྗེས། ཨ་ཚུར་དགུན་དུས་འབྲོག་ར་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པའི་ནང་སྤོས་པ་རེད། སྡོད་ཁང་གསར་པའི་ཉལ་ཁང་དང་། ཚོམས་ཆེན། ཐབ་ཚང་། མཛོད་ཁང་། གསང་སྤྱོད་བཅས་ལུགས་མཐུན་ངང་ཇུས་འགོད་བྱས་པ་དང་ཡངས་ཤིང་རྒྱ་ཆེ་བའི་སྒོ་རའི་ནང་སྔོ་ཚལ་དང་མེ་ཏོག་བཏབ་ཡོད།
          “དེ་ནི་རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ལས་ཕན་པ་ཐོབ་པ་ཞིག་རེད། ད་ཆ་ང་ཚོའི་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད་ལ་ཕ་ཡུལ་འཛུགས་སྐྲུན་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད། སྲིད་གཞུང་གིས་ད་དུང་མཐའ་མཚམས་མང་ཚོགས་ལ་ཁ་གསབ་སྤྲད་པས་ང་ཚོའི་མཐའ་མཚམས་སྲུང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ཚེ་དཔལ་ཡེ་ཤེས་ཀྱིས་བརྗོད།
          2018ལོ་ནས་བཟུང་། བོད་ལྗོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱ་ཆེའི་མཐའ་མཚམས་མི་དམངས་ཀྱིས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ནས་རྒྱལ་མཚམས་ཀྱི་བདེ་འཇགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་བཞིན་ཡོད།
          ——སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ།
          2019ལོའི་ལོ་མཇུག་ཏུ་མཚོ་གཉིས་རྫོང་གི་མི་2900ཙམ་ལྷོ་ཕྱོགས་ནས་སྤྱི་ལེ་སྟོང་ཙམ་ཡོད་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་སྤོས་པ་རེད། དེ་ནི་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་འཆར་འགོད་ཀྱི་ཆ་ཤས་ཤིག་རེད། ཕྱིར་འཐེན་བྱས་པའི་ས་ཆ་དེ་རང་བྱུང་ཁམས་ལ“རྩིས་སྤྲོད”བྱས་ཡོད།
          དེ་སྔ་བྱེ་རླུང་རབ་ཏུ་འཚུབ་པའི་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་ད་ཆ་རིང་ཚད་སྤྱི་ལེ་160ལྷག་ཙམ་དང་ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8ཟིན་པའི“སྔོ་ཁེབས་ཀྱི་ལྕགས་རི་རིང་པོ”ཆགས་ནས། ས་བབ་མཐོ་ཤོས་ས་ཁུལ་གྱི་མང་ཚོགས་རྣམས་གྲང་ངར་ཆེ་བའི་གནམ་གཤིས་ལས་གཡོལ་བའི་ཁྱིམ་གཞིས་གསར་པར་གྱུར་ཡོད། དེ་ནི་བོད་ལྗོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་གིས་སྤྱི་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་བྱས་པའི་བསྡུས་རིས་ཤིག་རེད།
          ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་སྣོད་བཅུད་སྲུང་སྐྱོང་ཐད་བཏོན་གནང་བའི་བླང་བྱ་ལག་བསྟར་ཏན་ཏིག་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཀྱི་ས་ཁོངས་45%སྲུང་སྐྱོང་ནན་ཤོས་བྱེད་པའི་ཁྱབ་ཁོངས་སུ་བཅུག་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་ས་ཁུལ་དེ་ནི་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
          ——སློབ་གསོ་དང་སྨན་བཅོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་ནས་ཕུགས་ཀྱི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་ཐོབ་པ།
          བོད་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སློབ་ཁྲིད་ཐོག་ཁང་སྟར་པ་རེ་རེ་དང་གློག་རྡུལ་གྱི་དཀར་པང་སོགས་ཀུན་འདུས་སྨྱན་སྦྱོར་གྱི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་པོ་ཡོད་ལ། འགྱིག་བཟོས་རྒྱུག་ལམ་དང་ལན་ཆིའུ་སྤོ་ལོའི་ཐང་དུ་ལུས་སྦྱོང་བྱེད་མཁན་གྱི་སློབ་མས་ཁེངས་ཡོད།
          ལྷ་སའི་སློབ་གསོ་གྲོང་དུ་གནས་པའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་རྒྱལ་ཡོངས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྔོན་ལ་ལག་བསྟར་བྱེད་པའི་སློབ་གྲྭ་ཞིག་རེད། སློབ་གྲྭ་དེ་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། 2014ལོའི་9ཟླ་ཚེས1ཉིན་དངོས་སུ་སློབ་གཉེར་བྱེད་འགོ་ཚུགས་ཡོད།
          “སློབ་གསོ་དེང་རབས་ཅན་གྱི་ཆ་རྐྱེན་ཐད་ནས་བརྗོད་ན། ཅང་སུའུ་ཞིང་ཆེན་གྱི་སློབ་གྲྭ་དང་བསྡུར་ནའང་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཁྲེགས་ཆས་འཛུགས་སྐྲུན་རྩེ་གྲ་ཡིན”ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་མཱ་ཧྭ་ཡིས་མིག་སྔར་སློབ་གྲྭར“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་20ཡོད་པ་དང་། སློབ་གྲྭའི་སློབ་སྤྱི་དང་། སློབ་སྤྱི་གཞོན་པ། ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན། སློབ་དོན་ཀྲུའུ་རེན་བཅས་ཚང་མའི་འགན་བོད་སྐྱོར་དགེ་རྒན་གྱིས་འཁུར་གྱི་ཡོད་ཅེས་བརྗོད།
          སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ལ་བརྟེན་ནས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་འབྲིང་རྒྱུགས་སྦྱངས་འབྲས་2017ལོ་ནས་2019ལོ་བར་ལོ་གསུམ་བསྟུད་མར་ལྷ་སའི་ཨང་དང་པོ་བླངས་ནས“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”ཞེས་པའི་མཚན་སྙན་ཐོབ་ཡོད།
          དུས་རབས་གསར་པའི་བོད་ལྗོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི”བླང་བྱ་ལག་བསྟར་བྱས་ཤིང་། སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་ཆགས་ནས་མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་མྱོང་བའི་དབང་ཆར་འགན་ལེན་གང་ལེགས་ཐོབ་ཡོད།
          ཉེ་བའི་ལོ་ཤས་རིང་སྤེལ་བའི་སློབ་གསོ་དང་སྨན་བཅོས་སོགས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད།
          2015ལོར་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་བསྟར་བྱས་ཚུན། པེ་ཅིང་ཞེ་ཧོ་སྨན་ཁང་དང་། པེ་ཅིང་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་མང་པོ་དང་། དེ་མིན་ཞིང་ཆེན་དང་གྲོང་ཁྱེར་བདུན་བཅས་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣ་འདེམས་གཏོང་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་ཏེ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་6འཛུགས་གཏོད་བྱས་པ་དང་། སྨན་བཅོས་ཚོགས་པ་721གིས་ས་གནས་དེ་གའི་སྨན་དོན་མི་སྣ་2031ལ་རོགས་ཁྲིད་བྱས་པ། ལག་རྩལ་གྱི་སྟོང་ཆ་ཆིག་སྟོང་ལྷག་ཙམ་གསབ་པ། ནད་ཆེན་རིགས་371བོད་ལྗོངས་སུ་སྨན་བཅོས་བྱེད་ཐུབ་པ་བཅས་བྱུང་ཡོད།
          ལོ་20ལྷག་ཙམ་རིང་བོད་ལྗོངས་འཕེལ་རྒྱས་གཏོང་ཆེད། རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་གི་བོད་སྐྱོར་ལས་བྱེད་པ་ཁག་གིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་བཞིན་དུ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་གངས་ལྗོངས་ས་མཐོར་ལང་ཚོ་སྐྱེས་སུ་ཕུལ་བ་ས་མཐོའི་མི་དམངས་ཀྱིས་བརྗེད་ག་ལ་སྲིད།
          ཡར་ཀླུང་གཙང་པོ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་རྒྱུག ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པར་བསྟོད་གླུ་འབུལ།
          2019ལོར་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1697.82ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་1959ལོའི་སྒོར་དུང་ཕྱུར་1.74ལས་ལྡབ་205.8ཙམ་འཕར་བ་དང་། གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་བཅས་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་37410དང་སྒོར་12951སོ་སོར་ཟིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་ལོ་35.5ནས་ལོ་70.6བར་རིང་དུ་ཕྱིན་པས། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཡོད།
          ས་མཐོར་ལས་ཀ་བྱེད་སྐབས་ཆེས་དཀོན་པ་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་གསར་པའི་ནང་དོན་ཟམ་མི་ཆད་པར་སྣོན་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་པ། ཕུ་ཐུང་བརྫེས་ཏེ་ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་བཞིན་ཡོད།
          ལོ་རྒྱུས་ཡུན་རིང་ལྡན་ཞིང་ངོ་མཚར་ཆེ་བའི་ས་གཞི་འདིར་འཚོ་བ་སྐྱེལ་མཁན་ཚོས། མ་འོངས་པའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
极速3分彩平台 159彩票 福建11选5计划 福建快3开奖 浙江11选5 湖南快乐十分官网 秒速飞艇是真的吗 极速时时彩开奖 福建11选5计划 福建快3开奖