དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱང་ཐང་སྟེང་གི་སྟག་ཤར་རྒོད་པོ་ཚོས། ། སྐྱེ་ཁམས་སྲུང་སྐྱོབ་ཆེད་དུ་ལང་ཚོ་ཕུལ། །

སྤེལ་དུས 2020-08-31 ཡོང་ཁུངས། ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ།

        བྱང་ཐང་ནི་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་ཞིག་ཡིན་ལ།  འཛམ་གླིང་ཡང་རྩེའི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཡོད།  དེ་གར་མི་ཚོགས་ཉུང་ནའང་མུ་མཐའ་མེད་པའི་ཡུལ་གྲུ་སོ་སོར་ངོ་མཚར་དང་ལྐོག་གྱུར་གྱིས་ཁེངས་ཡོད་ཅིང་།  ག་ས་གང་དུ་ཉེན་ཁ་ཆེན་པོ་ཡོད། གནས་དེ་བརྒྱུད་ནས་འགྲོ་དུས། ཁྱེད་ཀྱིས་གདོད་མའི་མེ་རིའི་གནའ་ཤུལ་དང་ལྟ་ན་སྡུག་པའི་གངས་རི་སོགས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མཐའ་དག་མིག་གི་དགའ་སྟོན་དང་ཡིད་ཀྱི་ལོངས་སྤྱོད་དུ་བྱེད་ཆོག འོན་ཀྱང་མཐོ་སྒང་གི་གནམ་གཤིས་ལ་རྟག་པ་མེད་པས། ཁ་བ་བུ་ཡུག་དང་འཕྲད་ཚེ་ཚེ་སྲོག་ལ་ཉེ་ཁའང་ཡོད་སྲིད། གང་ལྟར། ས་བབ་དང་གནམ་གཤིས་ཀྱི་ཁྱད་ཆོས་དང་འགྱུར་བ་གང་འདྲ་ཡིན་རུང་། གནས་འདི་ནི་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་ཀྱི་དག་ཞིང་དུ་གྱུར་ཡོད་པས།  གཙོད་དང་འབྲོང་སོགས་རི་དྭགས་སྣ་ཚོགས་ཁྱུ་དང་ཁྱུ་བྱས་ནས་བག་ཡངས་ཀྱིས་རྒྱུ་ཞིང་འཚོ་བར་གནས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དེ་དག་ལས་ཆེས་གླེང་འོས་པ་ནི། ས་ཆ་དེ་གར་ད་དུང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་མཁན་གྱི་མི་སྣ་ཁག་ཅིག་ཡོད་ཅིང་། ཁོ་ཚོས་དུས་རྟག་ཏུ་དཔའ་ངར་ཆེར་བསྐྱེད་དང་ཆོད་སེམས་བརྟན་པོ་བཅངས་ནས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁུར་ལྕི་མོ་ཕྲག་ཏུ་འཁུར་ཡོད་ཅིང་། དུས་དང་རྣམ་པ་ཀུན་ཏུ་རི་སྐྱེས་སྲོག་ཆགས་དེ་དག་ལ་གནོད་འཚེ་སྐྱེལ་མཁན་དག་ལ་མཐའ་གཅིག་ཏུ་འཐབ་རྩོད་དང་འཛིང་རེས་བྱེད་བཞིན་ཡོད།
        སྐྱི་ལུ་དོ་དམ་ས་ཚིགས་ནི་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ས་ཚིགས་11གི་གྲས་ཤིག་ཡིན་པ་དང་།  ཆེད་ལས་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་མི་དཔལ་ལྡན་གྱིས་ཟླ་བ་རེར་བསྐོར་སྐྱོད་ཐེངས་3བྱེད་པ་དང་། བསྐོར་སྐྱོད་ལ་འགྲོ་ཐེངས་རེར་རྒྱ་ཁྱོན་སྤྱི་ལེ་གྲུ་མ་100ལྷག་གི་སར་འགྲོ་དགོས་པས། ལོ་26རིང་ཁོང་གིས་ས་ཆ་དེ་གར་སྤྱི་ལེ་གྲུ་མ་93600ལྷག་གི་སར་བསྐོར་སྐྱོད་དུ་ཕྱིན་ཡོད་པ་རེད། ལོ་26རིང་དཔལ་ལྡན་གྱིས་ཉིན་ལྟར“ཚེ་སྲོག་བཀག་སྡོམ་ཁུལ”དུ་འབོད་པའི་ས་ཆར་དེར་འགྲོ་བསྐྱོད་བྱེད་པ་དང་ཆབས་ཅིག  ལག་ཏུ་བྱང་ཐང་གི་ཕྱི་རོལ་ཡུལ་ལྗོངས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོའི་འབྲི་དེབ་འཁྱེར་ནས་དུས་ཚོད་ག་དུས་དང་ས་ཆ་གང་དུ་རི་སྐྱེས་སྲོག་ཆགས་གང་འདྲ་ཡོད་མིན། ཁ་གྲངས་ག་ཚོད་ཙམ་ཡོད་མིན་སོགས་ཀྱི་གནས་ཚུལ་དག་ཞིབ་ཚགས་ངང་ཐོ་འགོད་བྱེད་ཀྱི་ཡོད། ཐོ་འགོད་ཀྱི་ཤོག་ངོས་རེ་རེ་ལས་རྒྱལ་ཁབ་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་དོ་དམ་ལས་དོན་ཐད་ལོ་རེ་ནས་ལོ་རེར་ཤུགས་སྣོན་རྒྱག་ཚད་ཇེ་ཆེར་འགྲོ་བ་མཚོན་ཡོད་ལ། དེ་ལས་ཀྱང་དཔལ་ལྡན་རང་ཉིད་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་མི་ཞིག་ཡིན་པའི་ངོས་ནས་ལས་ཀར་འཛིན་པའི་རྣམ་འགྱུར་ཡང་མཚོན་ཐུབ་ཀྱི་ཡོད།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་མི་དཔལ་ལྡན།
        ལོ་26རིང་དཔལ་ལྡན་གྱིས་ཡངས་ཤིང་རྒྱ་ཆེ་བའི་གནས་དེར་སྲུང་སྐྱོབ་དང་། ས་གནས་དེ་གར་འཚོ་སྡོད་བྱེད་བཞིན་པའི་རི་སྐྱེས་སྲོགས་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་བའི་སྟབས་ཀྱིས། ཁོང་གིས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གོམས་གཤིས་ཤེས་པ་མ་ཟད་རི་སྐྱེས་སྲོག་ཆགས་ལ་སྨན་བཅོས་བྱེད་རྒྱུར་ཡང་བྱང་ཆུབ་ཡོད།  ད་ཆ་ཁོང་ལོ་60ལྷག་ཙམ་ལ་སླེབས་ཀྱང་། སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་མ་ཟད། ད་ལྟ་ཁོང་གིས་རྒྱུན་འཛིན་མི་སྣ་ཡང་བསྐྱེད་བསྲིང་བྱས་ཡོད་དེ། སྐྱི་ལུ་དོ་དམ་ས་ཚིགས་ཀྱི་ས་ཚིགས་དཔོན་གཞོན་པ་སྐར་མ་བློ་རྡོར་ནི་ཁོའི་དགེ་ཕྲུག་ཡིན་པ་དང་།  སྐར་མ་བློ་གྲོས་ཀྱིས་དཔལ་ལྡན་གྱི་བླ་ན་མེད་པའི་སྙིང་སྟོབས་དང་ཁོང་གིས་བྱ་གཞག་ལ་འཛིན་པའི་ལྷག་བསམ་དག་རྒྱུན་འཛིན་བྱས་ཏེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བཞིན་མཆིས།

        ལོ་རེའི་ཟླ་བ་6པའི་ཟླ་མཇུག་དང་ཟླ་བ་7པའི་ཟླ་འགོའི་མཚམས་ནི་གཙོད་ཕྲུག་སྐྱེ་བའི་དུས་ཚོད་ཡིན་པས། སྐབས་དེར་དཔལ་ལྡན་དང་དོ་དམ་ས་ཚིགས་ཀྱི་ལས་མི་རྣམས་མཉམ་དུ་སྦག་སྦག་འཁོར་ལོ་བཏང་ནས་གཙོད་ཁྱུའི་འཚོ་བར་ཉམས་ཞིབ་བྱེད་པར་འགྲོ་བཞིན་ཡོད་ལ། གཙོད་ཁྱུར་སྐྲག་སྣང་མི་ཡོང་ཆེད། སྦག་སྦག་འཁོར་ལོ་གཙོད་ཁྱུ་དང་རྒྱང་ཐག་རིང་བའི་སར་བཞག་ནས་རྐང་ཐང་དུ་འགྲོ་བཞིན་ཡོད་ལ།   ཁོ་ཚོས་རྒྱང་ཤེལ་བེད་སྤྱོད་པ་དང་ལོ་མང་བསྐོར་སྐྱོད་སྲུང་སྐྱོང་གི་ཉམས་མྱོང་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་འགོད་ཀྱིན་ཡོད་པ་རེད།  དེ་ཡང་2016ལོ་ནས་བཟུང་། བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་ས་ཚིགས་ལག་བསྟར་བྱས་པ་ནས་བཟུང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེར་བཏང་བས། གཙོད་ཁྱུའི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་ལ། དཔལ་ལྡན་གྱིས་ལོ་མང་རིང་དཀའ་བ་སྤྱད་པར་མི་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད།

བྱང་ཐང་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་མི།

བྱང་ཐང་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་མི།
        ད་ལྟ།  བྱང་ཐང་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་མི་300ལྷག་གིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ལ་ཆེད་དུ་བསྐོར་བསྐྱོད་བྱེད་པ་དང་། གད་སྙིགས་གཙང་སེལ་བྱེད་པ། ཆུའི་སྤུས་ཚད་ལ་བརྟག་ཞིབ་བྱེད་པ། ཁྲིམས་འགལ་གྱི་རྔོན་རྒྱག་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་ལས་ཀའི་འགན་འཁྲི་ཧུར་ཐག་འབད་ཐག་གིས་འཁུར་གྱི་ཡོད་ལ། ཁོ་ཚོས་རང་རང་གི་རྐང་རྗེས་རེ་རེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྷིང་འཇགས་ཀྱི་ས་གཞི་འདིར་བཞག་ནས་ས་གཞི་འདིར་སྲུང་སྐྱོང་བྱེད་བཞིན་ཡོད་པ་མ་ཟད། སྲུང་སྐྱོང་མི་སྣ་ཞིག་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་ལ་རང་གི་ལེགས་སྐྱེས་ཕྲན་བུ་རེ་འབུལ་བཞིན་མི་དང་རང་བྱུང་ཁམས་ཞི་བདེ་མཉམ་གནས་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
云海彩票官网 福建11选5官网 江苏快三质合走势图 上海时时乐 福建快3计划 秒速飞艇注册 秒速飞艇计划 秒速飞艇网址 贵州快3走势 秒速飞艇平台