དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་དཔུང་ཁག་ལ་བཀའ་སློབ་གནང་བ།

སྤེལ་དུས 2020-08-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        སྤྱི་ཚེས26ཉིན། ཀྲུང་གོ་མི་དམངས་ཉེན་རྟོག་པར་ཉེན་རྟོག་པའི་དར་ཆ་སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་ཉེན་རྟོག་པའི་དར་ཆ་གནང་བ་དང་འབྲེལ་བཀའ་སློབ་གནང་ཡོད་པ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་མི་དམངས་ཉེན་རྟོག་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་གནང་ཡོད། ཁོང་གིས། རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་བདེ་སྲུང་སྲིད་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བདེ་སྲུང་སྒྲིག་ལམ་སྲུང་སྐྱོང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་འཇགས་དང་། མི་ལུས་རང་དབང་། ཁྲིམས་མཐུན་རྒྱུ་ནོར་བཅས་ལ་སྲུང་སྐྱོང་། སྤྱི་པའི་རྒྱུ་ནོར་སྲུང་སྐྱོང་། ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་། བཀག་འགོག ཁྲིམས་གཅོད་བཅས་བྱ་རྒྱུ་དེ་དག་རེད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག རང་རྒྱལ་གྱི་མི་དམངས་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་ཆེད་བློ་གཅིག་སེམས་གཅིག་གིས་ལས་དོན་ཧུར་ཐག་སྒྲུབ་དགོས་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

        མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད། རྒྱབ་ལྗོངས་ཀྱི་པང་ལེབ་དམར་པོའི་ཐོག ཀྲུང་གོ་མི་དམངས་ཉེན་རྟོག་པར་ཉེན་རྟོག་པའི་དར་ཆ་སྤྲོད་པའི་མཛད་སྒོ་ཞེས་པའི་ཡི་གེ་མངོན་གསལ་དོད་པོ་བྲིས་ཡོད། ཉེན་རྟོག་པའི་གྱོན་གོས་གྲལ་འགྲིག་པ་དང་དམིགས་བསལ་ཉེན་རྟོག་པའི་གོས་གྱོན་པའི་མི་དམངས་ཉེན་རྟོག་པ300ལྷག་ཙམ་གྱིས་དཔའ་ཉམས་དོད་ལ་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གྲལ་སྟར་བསྒྲིགས་ཡོད།
        ཆུ་ཚོད10དང་སྐར་མ30ཡི་ཐོག དར་ཆ་སྤྲོད་པའི་མཛད་སྒོ་འགོ་ཚུགས་ཤིང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
        གཟབ་སྦྲེང་རུ་མིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་སྲུང་ནས་རྐང་ཐང་མར་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད་ཡོད། ཞི་ཅིན་ཕིང་གིས་ཁག་སོ་སོར་སྤྱི་བདེ་པུའི་པུའུ་ཀྲང་། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཀྲའོ་ཁེ་ཀྲེ་དང་། རྒྱལ་ཁབ་བདེ་འཇགས་པུའི་པུའུ་ཀྲང་། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཁྲེན་ཝུན་ཆིང་ལ་དར་ཆ་གནང་ཡོད། ཀྲའོ་ཁེ་ཀྲེ་དང་ཁྲེན་ཝུན་ཆིང་གིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གི་ཕྱག་ནས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་བླངས་ཏེ་ཚོགས་ར་ཡོངས་སུ་ཕྱོགས་ནས་དར་ཆ་བཀྲམ་ཡོད། ཚོགས་ར་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་དར་ཆར་སྒམ་ནན་ངང་གུས་འདུད་ཞུས་ཡོད།

        དེ་རྗེས། ཞི་ཅིན་ཕིང་གིས་བཀའ་སློབ་གནང་ཡོད། ཁོང་གིས། དུས་ཡུན་རིང་པོའི་ནང་། ཏང་གི་འགོ་ཁྲིད་འོག་རང་རྒྱལ་མི་དམངས་ཉེན་རྟོག་པས་དམིགས་ཡུལ་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ། རང་སྲོག་བློས་གཏོང་ཕོད་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ནི་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་འཐབ་འཛིང་གི་སྟོབས་ཤུགས་ལྡན་པའི་དཔུང་སྡེ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་པའི་དཔུང་ཁག་ལ་བླང་བྱ་ཁག་བཞི་བཏོན་གནང་ཡོད་པ་སྟེ། གཅིག་ནི་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ། ཏང་གི་ལྟོས་མེད་འགོ་ཁྲིད་རྒྱུན་འཁྱོངས་དང་། ཆབ་སྲིད་ཐོག་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དར་ཆར་འཛིན་པ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདུན་པ་འདུན་པར་འཛིན་པ་བཅས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀའ་རྒྱར་མཐའ་གཅིག་ཏུ་ཉན་པ་དང་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་བརྩི་སྲུང་ཞུས་ཏེ། ལྷག་བསམ་རྣམ་དག་དང་། དྭངས་གཙང་། བློས་འགེལ་ཆོག་པ་བཅས་ཀྱི་འགན་ལེན་བྱེད་དགོས། གཉིས་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བསྟར་བ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་དང་ཡོད་ཚད་མི་དམངས་ལ་བརྟེན་ཐུབ་པ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་བཅོས་སྐྱོང་། མཉམ་དུ་ལོངས་སྤྱོད་བཅས་ཀྱི་ཁྲོད་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་ཆེད་བློ་གཅིག་སེམས་གཅིག་གིས་ལས་ཀ་ཧུར་ཐག་བསྒྲུབ་དགོས། གསུམ་ནི་ཁྲིམས་འཛིན་དྲང་གཞག་བྱ་རྒྱུ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དང་དོ་དམ་ནན་པོ་བྱེད་པ། དབང་ཆ་བཀོལ་སྤྱོད་ཚད་ལྡན་བཟོ་བ། གཟབ་ནན་དང་ཚད་ལྡན། དྲང་གཞག་དང་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གྱོད་གཞི་རེ་རེའི་ཞིབ་གཅོད་དང་དོན་དག་རེ་རེའི་ཐག་གཅོད་ཁྲོད་གཞུང་དྲང་དང་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། བཞི་ནི་སྒྲིག་ཁྲིམས་ལ་དམ་ནན་བྱ་རྒྱུ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་། བསྔགས་སྐུལ་དང་ཚོད་འཛིན་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཉེན་རྟོག་བཅོས་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཉེན་རྟོག་པའི་སྒྲིག་ལམ་ནན་དུ་གཏོང་བ་དང་དཔུང་ཁག་དྭངས་གཙང་ཡོང་བ་བྱེད་པ། དངོས་འཐབ་ལ་དམིགས་པ། སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་། འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས། འགྱུར་མེད་ཀྱི་ཉམས་སད་ཐེག་ནུས། འགྱུར་མེད་ཀྱི་སྒྲིག་ཁྲིམས་སྤྱོད་ཚུལ་བཅས་ལ་ཤུགས་བརྒྱབ་ནས། ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པས་སྒེར་དོར་སྤྱི་སྐྱོང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་དགོས་པ་བཅས་ཡིན་པ་རེད།

        དར་ཆ་སྤྲོད་པའི་མཛད་སྒོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཞུགས་ཡོད་པ་རེད།
        དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པའི་མི་དམངས་ཉེན་རྟོག་པས་མཉམ་སྡེབ་ཐོག་དམ་བཅའ་བཞག་པ་རེད། དམ་ཚིག་ནི་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་དང་དྭངས་གཙང་ཡོང་བ་བྱས་ནས་ཏང་ཐུགས་བློ་བདེ་པོ་ཡོང་བ་དང་། ལེགས་སྐྱེས་འབུལ་ཐུབ་པ། དཀའ་སྤྱད་ལས་རྒྱལ་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན་པ་རེད། 
        ཀུའོ་ཧྲེང་ཁུན་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ཏིང་ཞུའེ་ཞང་དང་། ཀྲང་ཡིའུ་ཞ། ཁྲེན་ཞི། ཀྲོའུ་ཆང་། ཀྲང་ཅུན་བཅས་མཛད་སྒོར་ཞུགས་ཡོད་པ་རེད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས་ཡོད་པ་རེད།
        ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་ནི་ཚོས་གཞི་དམར་སྔོན་གཉིས་ལས་གྲུབ་པ་ཡིན། དར་ཆའི་རྩ་བའི་ཁ་དོག་དམར་པོ་ཡིན་པ་དང་། ཉེན་རྟོག་པའི་རྟགས་དར་ཆའི་གཡོན་ཟུར་གོང་མར་བཀོད་ཡོད། ཉེན་རྟོག་པའི་དར་ཆ་ནི་མི་དམངས་ཉེན་རྟོག་པའི་དཔུང་ཁག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་ཉེན་རྟོག་པའི་མཚན་སྙན་དང་། འགན་འཁྲི། ལས་འགན་བཅས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད།
秒速飞艇开户 福建11选5开奖 秒速飞艇全天计划 秒速飞艇官网 快乐赛车代理怎么弄 福建11选5计划 极速时时彩 广西快3开奖 十大正规博彩游戏排名 秒速飞艇哪个平台好